| | e-texts navigator
|
359b1 མཁས་པས་བཟོད་པར་བྱེད།། བདེན་པ་མ་ཡིན་པ་ཡང་བཟོད།། དེ་ལས་གཞན་པའང་བསྟན་དུ་མེད།། འདི་ལྟར་སྐྱེས་བུ་མཁས་པ་ནོར་གྱི་ཕྱིར།། སྡུག་བསྔལ་བཟོད་བྱ་བཟོད་པར་འགྱུར་བར་བྱ།། གལ་ཏེ་མི་བཟོད་མྱ་ངན་རྣམས
359b2 སྤངས་ཏེ།། གཞན་དུ་སོང་ནས་སྟོང་ཕྲག་རྙེད་དང་འདྲ།། ཡལ་ག་གཉིགས་ན་འཇུ་བར་མི་བྱ་སྟེ།། ཆགས་བྲལ་སེམས་ལ་ཆགས་པར་མི་བྱའོ།། བཟང་ཞིང་སྡུག་པས་ས་སྟེང་གང་བས་ན།། འཇིག་རྟེན་ཡངས་པ་གཞན་དུ
359b3 འགྲོར་ཟད་མོད།། གང་ན་བརྙས་བྱེད་བཀུར་སྟིར་མི་བྱེད་དེང་།། སྡོད་པར་བྱེད་ཅིང་བསྟོད་པར་མི་བྱེད་ན།། མཁས་དང་བླུན་འགྲོགས་ཆེད་ཀ་མི་ཆེས་པས།། རང་རྒྱལ་བཞིན་དུ་མ་སྨྲ་དེ་འགྲོ་རིགས།། གང་ལ་སྐྱེས
359b4 བུ་འཐབ་ལ་དགའ་གྱུར་ནས།། གཡོ་རྒྱུའི་བསམ་ལྡན་རྟག་ཏུ་གླགས་ཀྱང་བྱེད།། ཀྱལ་པ་བྱེན་བརྫུན་ཚིག་རྩུབ་སྨྲ་བྱེད་པ།། དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོ།། གང་ན་མི་རྣམས་འཚོ་བར་བྱེད་གྱུར་ནས།། ཕན་ཚུན
359b5 གནད་ལ་འབེབས་པར་དགའ་བ་དང་།། ལུས་དང་ངག་ཡིད་སྡོམ་པ་མེད་གྱུར་པ།། དེ་ཚེ་མཁས་པ་མྱུར་དུ་ཡུལ་གཞན་སོང་།། གང་ན་མི་རྣམས་ཕྲག་དོག་བྱེད་གྱུར་ནས།། གཞན་གྱི་རྙེད་པ་རྟག་ཏུ་མི་བཟོད་ཅིང་།། སྣང་བའི།
359b6 བསམ་པས་རྣམ་རྨོངས་ཚུལ་ཆོས་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་ན་མི་རྣམས་སྡིག་བྱེད་འདོད་གྱུར་ནས།། བཀུར་སྟི་འདོད་ཅིང་ཚུལ་འཆོས་གཡོ་རྒྱུ་བྱེད།། ནང་ཡང་མ་དག་ཕྱི་ཡང་མ་དགལ
359b7 དེ་ཚེ་བདག་འདོད་ཡུལ་གཞན་འགྲོ་བར་གྱིས།། གང་ན་མི་རྣམས་ཞེས་མེད་གྱུར་ནས།། ཡ་རབས་ཚུལ་མེད་ཁེངས་ཤེས་ང་རྒྱལ་ལྡན།། བྱིས་པས་མཁས་པ་རྟག་ཏུ་བརྙས་བྱེད་པ།། དེ་ཚེ་བདག་འདོད་ཡུལ་གཞན་འགྲོ།།
iiif viewer powered by OpenSeadragon
359a - 360a