| | e-texts navigator
|
358a1 གཞན་གྱིས་བརྙས་པ་དེ་བཟོང་བུ།། གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚེ་བས་འཚོ་བའི་ཚེ།། སྡང་བས་འཁྲུག་པར་གྱུར་པ་ན།། གཞན་གྱིས་བནས་པ་དེ་བཟོང་བྱ།།
358a2 གཞན་གྱི་ཡུལ་ན་འདུག་པ་དང་།། གཞན་གྱི་འཚོ་བས་འཚོ་བའི་ཚེ།། དམན་པས་བསྐུད་པར་གྱུར་ཀྱང་རུང་།། ཤེས་རབ་ལྡན་པས་དེ་བཟོད་བྱ།། ཀྱེ་མ་ཡུལ་ལོགས་བདག་གནས་ཤིང་།། འཛའ
358a3 བཤེས་ངན་དང་ཕྲད་པ་ན།། བྱིས་པ་རྣམས་དང་འགྲོགས་པ་ཡི།། གནས་སུ་མྱ་ངན་རྟེན་བྱེད་མེད།། ཤེས་རབ་ལྡན་པས་དེ་བསམས་ནས།། མི་ཤེས་མི་དང་འགྲོགས་བྱེད་ཀྱང་།། མཁས་པས་ནོར་དང་།
358a4 ལོངས་སྤྱོད་ཕྱིར། གཟུ་ལུམས་ཁོ་ནར་ཁྲོ་མི་བྱ།། ཇི་ལྟར་ཐལ་བས་བཀབ་པའི་མེ།། རྩཝ་དང་ཤིང་གིས་གཡོགས་པ་ལ།། རླུང་རྣམས་ཀྱིས་ནི་ལེགས་བུས་ན།། ཤིན་ཏུ་རབ་ཏུ་འབར་འགྱུར་ཏེ།
358a5 རྩཝ་དང་ཤིང་ནི་བསྲེས་ནས་སུ།། ཆེན་པོར་མཆེད་ཅིང་མང་བ་ཡིས།། རྩཝ་དང་གེལ་བ་མང་བ་དང་།། ལྗོན་ཤིང་ཆེན་པོ་སྲེག་པ་ལྟར།། དེ་བཞིན་རྣམ་རྟོག་བུད་ཤིང་ལས།། བྱུང་བའི་ཁྲོ་བ་མེ་འདྲ་བས།། བདག་ཉིདདེ་དང་ནི
358a6 གཞན་དག་ལ།། ཕུང་ཁྲོལ་ཆེན་པོ་བྱེད་པར་འགྱུར།། དེ་ཕྱིར་ཁྲོ་བ་བྱུང་བ་ན།། ཞེ་སྡང་གཉེན་པོར་གྱུར་པ་ཡི།། བྱམས་པའི་སེམས་ལ་བསྒོམས་གནས་སུ།། མཁས་པ་རྣམས་ཀྱིས་ཟློག་པར་བྱེད།། བསྟོད་པ་བྱས་ན་མཛའ་བྱེད་ལ།། མ་བསྟོད།
358a7 མཛའ་བར་མི་བྱེད་ཅིང་།། མོད་ལ་ཡོངས་སུ་སྤོང་བྱེད་པ།། དེ་ནི་བྱིས་པའི་མཚན་ཉིད་ཡིན།། གལ་ཏེ་འདི་ནི་བྱས་པ་དག། སློ་བ་ཤོག་བརྟོགས་པའི་བྱ་ལྟ་བུར།། བློ་སྤངས་ཤེས་རབ་མི་འཚལ་ན།། མཁས་པ་ཇི་ལྟར་འཚེ་བར་འགྱུར།
iiif viewer powered by OpenSeadragon
357b - 358b