| | e-texts navigator
|
354b1 པོ་དང་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་རྣམ་པར་བཟློག་སྟེ། སྡུག་བསྔལ་མཐར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི།
354b2 བར་དུ་བདེ་འགྲོར་འགྲོ་བར་འགྱུར་རོ།། རིགས་ཀྱི་བུ་དེ་ལྟར་ལུས་དང་། ངག་དང་། ཡིད་ཀྱི་ཡིད་དམ་འཆང་བ་དང་། བསླབ་པ་འཛིན་པ་ཡང་དག་པར་ལེན་པར་བྱེད་པ་ནི་ཡོན་ཏན་དང་། དགེ་བའི་རྩ་བ་མང་པོ་དང་ལྡན
354b3 པ་ཡིན་ན། བྱིས་པ་དག་གིས་ནི་མི་ཤེས་སོ།། དེ་ནས་དེའི་ཚེ་ན་བར་སྣང་ལ་སྒྲ་ཆེན་པོ་བྱུང་བར་གྱུར་པ་དང་། འཁོར་དེ་དག་ཐམས་ཅད་ཀྱིས་ཨེ་མའོ་ཨེ་མ་ཞེས་དམ་པའི་སྒྲ་བྱུང་ནས། མེ་ཏོག་དང་། དྲིའི་ཆར་ཆེན
354b4 པོར་རབ་ཏུ་ཕབ་བོ།། སེམས་ཅད་འབུམ་ཚང་བའི་རྣམས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ཕྱིར་མི་ལྡོག་པའི་ས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ།། གཞན་ཡང་སེམས
354b5 ཅན་བྱེ་བ་རྣམས་སངས་རྒྱས་དང་། ཆོས་དང་། ཆོས་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིད་ལ་བྱེད་ཅིང་།། སེམས་དང་པོ་བསྐྱེད་པར་གྱུར་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་མི་སྣང་བར་འགྱུར
354b6 གྱུར་ཏོ།། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་པ་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
354b7 བཞིན་གཤེགས་པས་བདག་ཅག་དབུགས་ཕྱུང་སྟེ་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་དང་དེ་བཞིན་གཤེགས་པ་དེ་དག་གི་མཚན་རྣམས་ཐོས་ཏེ། བཅོམ་ལྡན་འདས་ཆོས་སྨྲ་བ་དང་། འཆང་བ་དང་།
iiif viewer powered by OpenSeadragon
354a - 355a