| | e-texts navigator
|
353b1 ལྷའི་ན་བཟའ་ལྔ་བརྒྱས་དེ་བཞིན་གཤེགས་པ་ལ་མནས་མཆོད། ཀ་ལུས་འདར་བཞིན་དུ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་ཉེས།
353b2 པ་ལ་ཉེས་སོ་ཞེས་སོ་སོར་བཤགས་ཏེ། བསབ་པ་ལ་ཡི་དམ་བཅའ་བར་བྱ་སྟེ། ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་ཚིག་འདི་སྐད་དུ་སྨྲས་སོ།། དེ་བཞིན་གཤེགས་པ་སྐྱེ་བ་ཐམས་ཅད་ལས་སླར་ལོག་པ།།
353b3 སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ། བསྒྲལ་བ་ཐམས་ཅད་ལ་ཕྱག་བགྱིའོ།། ཕྱག་འཚལ་ལོ།། བཅོམ་ལྡན་འདས་སླན་ཆད་བདག་ཅག་སྐྱེ་བའི་སྡུག་བསྔལ་མྱོང་བར་སྤྲོ་བར་མི་བགྱིད་དོ།། བཅོམ
353b4 ལྡན་འདས་བདག་ཅག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་ལས་གྲོལ་བར་མཛད་དུ་གསོལ།
353b5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ནན་ཏན་སྙིང་པོར་བྱེད་པའི་དགེ་བའི་རྩ་བས་དཀོན་མཆོག་གསུམ་ལ་ལྷག་པའི་བསམ་པ་དང་ལྡན་པར་བྱོས་ཤིག། འདུ་བྱེད་ཐམས་ཅད་མི་རྟག་ཅིང་སྐུ
353b6 མ་ལྟ་བུར་ཤེས་པར་བྱོས་ཤིག། ཆོས་ཡོངས་སུ་བཟུང་བ་ལ་སྤྲོ་བར་བྱོས་ཤིག། མཆོད་པ་དང་། རྗེད་པ་དང་། བཀུར་སྟི་མང་བར་བྱོས་ཤིག། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་རྗེ་བར་ཤེས་པར
353b7 བྱོས་ཤིག། ཆོས་སྨྲས་པ་ལ་དེ་བཞིན་གཤེགས་པར་འདུ་ཤེས་སྐྱེད་པར་བྱོས་ཤིག། དགེ་བའི་བཤེས་གཉེན་ལ་བླ་མར་འདུ་ཤེས་སྐྱེད་པར་བྱོས་ཤིག། ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱ་བ་དང་། སྒོམ་པ
iiif viewer powered by OpenSeadragon
353a - 354a