e-texts navigator
Collection
Volume
Page
Wylie

352a1 མ་ཡིན་པའི་འདུ་ཤེས་སྲེད་མོད་ཀྱི། ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་གྱུར་གྱི་བར་དུ་སྐྱོ་བའི་སེམས་བསྐྱེད།
352a2 པབར་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གོས་སྦྱར་པ་གྱོན་ཏེ། དེས་དེ་གྱོན་ནས་ལས་ཐམས་ཅད་བྱེད་ཅིང་བདེ་བ་དང་། སྡུག་བསྔལ་ཡང་མྱོང་བར་འགྱུར་རོ།། ཡང་དུས་གཞན་ཞིག།
352a3 ན་གོས་དེ་རྙིངས་ཤིང་མུགས་ཏེ་དྲི་མ་ཅན་མཐར་ཆད་པར་གྱུར་པ་དང་།། དེས་དེ་དོར་བའི་ཆོས་ཅན་དུ་ཤེས་ནས་བོར་རོ།། བོར་ནས་ཀྱང་གོས་སར་པ་གསར་མ་གཞན་ཞིག་བཙལ་ཏེ་གྱོན་ཏོ།། དེ་གྱོན་ནས་ཡང་ལས་བྱེད།
352a4 ཅིང་བདེ་བ་དང་། སྡུག་བསྔལ་མྱོང་བར་གྱུར་ནས། དོན་དམ་པའི་གོས་སྲ་ཞིང་བརྟན་ལ་མི་ཤིགས་ཤིང་མི་ཆོད་པ་གྱོན་པར་གྱི་བར་དུ། གཅིག་ནས་གཅིག་ཏུ་བརྒྱུད་པ་འདི་ལྟ་བུས་བསྐལ་པ་དུ་མ
352a5 འདས་ཀྱང་གོས་དེ་བགོས་སོ་ཞེ་འམ། བོར་རོ་ཞེས་མི་རྟོག་རྣམ་པར་མི་རྟོག་གི་ད་ནི་ལུས་ཀྱི་དབང་དུ་འགྲོའོ།། རིགས་ཀྱི་བུ་དེ་བཞིན་དུ་གང་གི་ཚེ་འཚོ་བའི་ཁམས་དེས་ལུས་འཇིག་པ་དང་། འགྱུལ
352a6 བའི་མཐར་གྱུར་པར་མཐོང་བ་དེའི་ཚེ། ལུས་དེ་བོར་ནས་ཡང་སར་པ་གཞོན་ནུར་གཞན་བཙལ་ཏེ། དེ་དེའི་ལས་བྱེད་ཅིང་དེ་བགོས་ནས་བདེ་བ་དང་། སྡུག་བསྔལ་མྱོང་བར་འབར་རོ།། ཇི་ལྟར་རང་གི
352a7 བསོད་ནམས་ལས་སྐྱེས་པའི་གོས་དེ་འཇམ་པ་དང་། སྲ་བ་དང་། རྩུབ་པའི་བགོ་བ་དེ་བཞིན་དུ་ཚོར་བའི་ཁམས་ཀྱིས་བགོ་བ་ལྟ་བུའི་ལུས་བླངས་ཏེ། ཇི་ལྟར་རང་གི་ལས་ཀྱི་རྐྱེན་གྱི་དགེ་བའི་རྩ་བ




iiif viewer powered by OpenSeadragon

351b - 352b

Texts on this page

Ty021-005 - 'phags pa sangs rgyas kyi stobs skyed pa'i cho 'phrul rnam par 'phrul ba bstan pa zhes bya ba theg pa chen po'i mdo