| | e-texts navigator
|
70a1 འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན། ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་། ཆོས་ཀྱི་རྣམ་གྲངས་འདི་རྒྱུན་མི་འཆད་པར་མཛད་པའི་ཕྱིར་འོད་ཟེར་ཚེ།
70a2 པོ་ཕྱེད་པར་མཛད་དོ།། དེ་ནས་ཚེ་དང་ལྡན་པ་ཀུན་དཀའ་བོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན
70a3 འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་ཡོངས་སུ་གདྲུང
70a4 བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་མི་ཟད་པའི་གཏེར་བསྟན་པ་ཞེས་བྱའོ།། ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་བསྟན་པ་ཞེས་ཀྱང
70a5 བྱ་སྟེ། ཁྱོད་ཀྱིས་དེ་ལྟར་མི་ཡོངས་སུ་གཟུང་བར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་གློག་ཐོབ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་།
70a6 འཁོར་བཞི་པོ་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ། མངོན་པར་བསྟོད་དོ།། འཕགས་པ
70a7 དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། མི་ཟད་པའི་གཏེར་བསྟན་པའི་ལེའུ་བྷེ། འདུས་པ་ཉི་ཤུ་པ་རྫོགས་སོ།། །
iiif viewer powered by OpenSeadragon
69b - 70b