e-texts navigator
Collection
Volume
Page
Wylie

69b1 སངས་རྒྱས་ཀྱི་ཞིང་ཀུན་ཏུ་རྒྱུ་བར་བྱེད་ཀྱང་། ཆོས་ཀྱི་དབྱིངས་དང་མི་འབྲལ་འགང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའི་རྩོལ་བ་མེད་པའི་ཡེ་ཤེས་ཤེས་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟ་བུའི།
69b2 ཡེ་ཤེས་དང་ལྡན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱས་ཀྱང་གང་བྱས་པ་དེ་དག་ལ་མངོན་པར་ཞེན་པའང་མེད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས
69b3 རྩོལ་བ་མེད་པའི་ཡེ་ཤེས་འདི་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། བརྒྱ་བྱིན་ཁྲུའི་དབང་པོའང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་བཅུ
69b4 པར་སྟེང་གི་བ་ར་སྣང་ལས་མེ་ཏོ་ག་མན་ད་ར་བ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དང་། པུཎྜ་རི་ཀ་དང་། ཙན་དན་གྱི་ཕྱེ་མའི་ཆར་མངོན་པར་ཕ་བ་སྟེ། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ།། ལྷའི་རྔ་རྣམས
69b5 ཀྱང་རང་སྒྲ་བྱུང་བར་གྱུར་ཏོ།། ངོ་མཚར་རྨད་དུ་བྱུང་བའི་སྣང་བ་ཆེན་པོས་ཀྱང་ཀུན་ཏུ་སྣང་བར་བྱས་ཏེ། སེམས་ཅན་གྲང་ལ་རེག་པར་གྱུར་པ་དེའི་ལུས་ཀྱང་ཤིན་ཏུ་བསིལ་བར་གྱུར་ཏོ།།
69b6 དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་གློག་ཐོབ་ལ་བཀའ་སྩལ་པ། གློག་ཐོབ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང
69b7 གནས་འདིར་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་གསུངས་སོ།། མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བའི་ཚེའང་གནས་འདིར་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་གསུང་བར་འགྱུར་རོ།།




iiif viewer powered by OpenSeadragon

69a - 70a

Texts on this page

Ty017-002 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo