| | e-texts navigator
|
67b1 ངེ་འཛིན་ལ་མཉམ་པར་གགག་པར་བྱའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལསོ་སོར་བཏག་པར་བྱའོ།། ཐོག་ཐོ་བ་བྱང་ཆུབ་སེམས་དཔའ་གྲང་ཆོས་དྲུག་པོ་འདི་དག་ཡོངས་སུ་རྫོགས་པར
67b2 ཀུརན། རུལ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བངོན་པར་རྫོགས་པར་འཚང་རྗེ་བར་འགྱུར་རོ།། ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། འདི་ལྟ་སྟེ། ཐབས་ཅད་མཁྱེན་པའི་ཡེ་ཤེས
67b3 ལ་བརྟེན་ནས་མངོན་པར་སྒྲུབ་པར་བྱེད་པའི་ཕྱིར་རོ།། གློག་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ག། ཏེར་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔས་གཟུགས་ཐམས
67b4 ཅ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་ཤིང་། གཟོད་པ་ཉིད་ནས་སྐྱེ་བ་མེད་པ་དང་། རང་བཞིན་གྱིས་རྣམ་པར་དག་པར་མཐོང་བ་གང་ཡིན་པའོ།། བྱང་ཆུབ་སེམས་དཔའ་ནི་གཟུགས་ལ
67b5 མཁས་པ་ཐོབ་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པར་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི
67b6 ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། དོན་སོ་སོ་ཡང་དག་པར་རིག་པ་ནི། གཟུགས་ཀྱི་དོན་རྣམས་ལ་ཐོགས་པ་མེད་པར་གྱུར་བའི་ཕྱིར་རོ།།
67b7 གཟུགས་ཀྱི་དོན་གང་ཞེ་ན། འདི་ལྟ་སྟེ། དོན་དམ་པ་གང་ཡིན་པའོ།། དོན་དམ་པ་གང་ཞེ་ན། གཟུགས་དམིགས་སུ་མེད་པ་གང་ཡིན་པ་སྟེ། དོན་དམ་པའི་ཡེ་ཤེས་ལ་འདི་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ནི།
iiif viewer powered by OpenSeadragon
67a - 68a