e-texts navigator
Collection
Volume
Page
Wylie

66b1 བདག་མེད་པ་ལ་བདག་ཏུ་འཛིན་ཅིང་ཕྱིན་ཅི་ལོག་བཞི་སྐྱེད་པར་བྱེད་དོ།། ཕྱིན་ཅི་ལོག་ཏུ་ལྟ་བའི་ཕྱིར་མ་རིག་པས་རྨོངས་ནས། ཡང་དག་པར་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་། སེམས་ཀྱི་རྗེས་སུ་མངོན་པར་ཞེན་པར
66b2 གྱུར་པས། སྲིད་པའི་སྲེད་པ་འཆིང་བ་གཅོད་པར་མི་ནུས་ཤིང་། འཁོར་བའི་འཁོར་བར་རྒྱུན་མི་འཆད་པར་འཁོར་བར་གྱུར་པ་ཡིན་ནོ།། མཁས་པ་དག་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ལ་ཤིན་ཏུ་ལེགས་པར
66b3 རྟོག་པར་བྱེད་བའི་ཕྱིར་བདག་དང་། གང་ཟག་དང་། སེམས་ཅན་ཞེས་བྱ་བ་ནས། སྲོག་ཅེས་བྱ་བའི་བར་དུ་ཅུང་ཟད་ཙམ་ཡང་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ལ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་།
66b4 འཆི་བ་དང་། གསོང་བ་དང་། གནོད་པ་བྱེད་པ་དག་ཀྱང་མི་དམིགས་སོ་ཞེས་གསུངས་པ་དང་། ཀློག་ཐོབ་དེའི་ཚེ་ཤན་པ་འཇིགས་སུ་རུང་བས། རྒྱང་ནས་དེ་བཞིན་གཤེགས་པས་ཚེ
66b5 བཤད་པའི་སྒྲ་ཐོས་ནས་གོ་བར་གྱུར་པས། དེ་མ་ཐག་ཏུ་གསོད་པའི་སེམས་ཉེ་བར་ཞི་བར་གྱུར་ནས་མཚོན་ཆ་སྤངས་ཏེ་གཡང་ས་ནས་བྱུང་ནས་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འད
66b6 ཀྱི་ཞབས་གཉིས་ལ་མགོ་བོས་གཏུགས་ནས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་དེང་དེ་བཞིན་གཤེགས་པའི་བསྟན་པ
66b7 ཁ་རབ་ཏུ་བྱུང་ནས་ལམ་བསྒྲུབ་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རིགས་སོ།། དགེ་སློང་ལེགས་པར་འོངས་སམ་ཞེས་གསུངས་མ་ཐག་ཏུ། དགེ་སློང་གི་དངོས་པོར་བསྒྱུར




iiif viewer powered by OpenSeadragon

66a - 67a

Texts on this page

Ty017-002 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo