| | e-texts navigator
|
62b1 གྱུར་སྡིག་པའི་ཚོགས་པོའི་རྗེས་འབྲངས་པས།། མངོན་དང་སྐབས་བྱེད་སུ་ཡང་མེད། སྟོར་པ་ཆེན་པོ་མ་གཏོགས་པར།། ཕྱོགས་བཅུར་དག་གི་མགོར་བྱེང་མེད། བང་གིས་རྒྱས་རྩིང་སྤངས་རས་སོ།།
62b2 ནམ་འཚོའི་བར་དུ་སྐབས་སུ་མཆི།། དགེ་སློང་དེས་ནི་རྒྱལ་པོ་དང་།། གཡོག་འཁོར་བསམ་པ་རིག་ཀུར་ནས།། དམ་པའི་དོན་ནི་རིབ་ཏུ་བཤད།། རྒྱལ་པོས་ཐོས་ནས་དང་བཐོག། འཁོར་ནི་བྱེ་བ་རརྩ་སྟོང་དང་།
62b3 རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་།། སྦྱངས་པའི་སྡོམ་པ་བླངས་པས་ན།། གཞན་གྱིས་མགྲོན་གཉེར་ཡོང་མི་ལེན།། དེ་ཚེ་རྒྱལ་པོའི་ཕོ་བྲང་ནང་།། བཙུན་མོ་འཁོར་བཅས་བརྐྱང་ཁྲི་རྣམས། དམ
62b4 པའི་དོན་ནི་ཐོས་པས་ན། ཕྱིར་མི་ལྡོག་ལ་གནས་པར་གྱུར།། རྒྱལ་པོས་སངས་རྒྱས་གསུངས་པ་བཞིན། ལོ་ནི་ཉི་ཤུ་རྩ་བཞིའི་བར།། ཉིན་མཚན་རྟག་པར་སྡིག་བཤགས་ཀྱང་།། འོན་ཀྱང་སྡིག་པའི
62b5 ཁས་མ་ཟད།། ལོ་ནི་བྱེ་མང་སྡུག་བསྔལ་མྱོང་།། སྡིག་ཟད་དེ་བཞིན་གཤེགས་དང་ཕྲད་།། སྔོན་ནི་སྐྲག་པར་བྱས་པའི་རྒྱུས།། རྣམ་སྨིན་ལྷག་མ་རྟག་པར་དམན།། མཐར་གྱིས་རྣལ་འབྱོར་རབ་བསྒོམས
62b6 ཏེ་སངས་རྒྱས་བྱེ་བ་སྟོང་མཆོད་ནས།། སོ་སོར་ཞིང་ཁམས་གཞན་དག་ཏུ།། ཐམས་ཅད་མངོན་པར་རྫོགས་སངས་རྒྱས།། ཐམས་ཅད་ཀུན་ཀྱང་མཚན་མཐུན་པར།། ཡོན་ཏན་གྲགས་པ་ཞེས
62b7 བྱར་གྱུར།། དེ་ཚེ་རྒྱལ་པོ་རྒྱ་ཆེར་བྱིན།། དགེ་སློང་བྱམས་བཟོད་དེ་ལ་ནི།། གདུག་པའི་སེམས་ནི་བསྐྱེད་པས་ན།། ལོ་ནི་བྱེ་བ་མང་པོར་ཡང་།། སྔོན་གྱི་སྡིག་ལས་མངོན་གྱུར་པས།།
iiif viewer powered by OpenSeadragon
62a - 63a