e-texts navigator
Collection
Volume
Page
Wylie

61b1 གཟུགས་སུ་བསྒྱུར་ནས་རྒྱལ་པོ་དག་ལ་བ་དེར་སོང་སྟེ་སྔ་མ་བཞིན་དུ་སྨྲས་པ། དེའི་ཚེ་རྒྱལ་པོ་རྩེ་ཆེར་བྱིན་པའང་ཡང་ནས་ཡང་དུ་དེ་གང་སྦས་པ་ཐོས་ནས། འདི་སྙམ་དུ་དགེ་སློང་ངོམ་མེད་པ་ནི་རབ་ཏུ་བཅོན་ཞིང་རྗེ
61b2 དང་ལྡན་པས་བདག་གིས་བླ་མར་བཀུར་བ་ཡིན་ཏེ། དངོས་པོ་འདི་ལྟ་བུ་བྱེད་པ་ནི་གནས་མེད་དོ་སྙམ་མོ།། དེ་ནས་དེའི་ཚེ་བདུད་ཀྱི་འཁོར་རྣམས་པར་སྣང་ལས་ལུས་བྱེད་བསྟན་ནས་རྒྱལ་པོ་དེ་ལ་ཚིགས་སུ་བཅད་དེ་སྦས་ཀྱི།
61b3 རྒྱལ་པོ་བཟོ་ཡི་དཱུཊ་ལ་སྤོབས།། དུས་ཚོད་དག་ལ་མཁས་པར་གྱིས།། རྒྱལ་པོ་དེ་ནི་མ་ཤེས་ན།། མི་རྒྱལ་རྟགས་དང་ལྡན་མ་ཡིན།། སངས་རྒྱས་ཉན་ཐོས་དགྲ་བཅོམ་པ།། ཡེ་ཤེས་ཆེན་པོ་ལྡན་པ
61b4 པི་ཚིག་ག་ལ་ནོམ་རྟེན་པར།། ཅི་ཡི་ཕྱིར་ན་ཆད་པར་ལྟ།། དགེ་སློང་རྣབས་ནི་ཕན་གདགས་ཕྱིར།། ཁྱོད་ལ་བདེན་ཚིག་སྨྲ་བ་ཡིན།། ཆང་སྨ་ངན་འགྲོར་འགྲོ་བའི་མི།། ཡང་དག་ཚངས
61b5 སྤྱོད་མ་ཡིན་པས།། དེ་ནི་རྒྱལ་པོའི་ཕོ་བྲང་དུ།། བཙུན་མོ་དག་དང་ལྷན་ཅིག་རྩེ།། རྒྱལ་པོ་འཁོར་དང་བཅས་པ་ཡིས།། ལེགས་པར་རྟོགས་ལ་ཐེ་ཙོམ་སོལ།། རྒྱལ་པོས་དངོས་པོ་འང
61b6 ཐོས་པས།། སེམས་ལ་སྲེག་ཅིང་མྱ་ངན་སྐྱེས།། འཁོར་རྣམས་དང་ནི་ལྷན་ཅིག་ཏུ།། མུར་ཞིང་རིངས་པར་ཕོ་བྲང་དོང་།། དེ་ཚེ་དྲི་མང་ཕོ་བྲང་ནང་།། ཆོས་རྣམས་རང་བཞིན་སྟོང་པ་དང་།། བདག་དང
61b7 སེམས་ཅན་མེད་པ་ཡི།། དམ་པའི་དོན་ནི་སྟོན་པར་བྱེད།། རྒྱལ་པོ་དམག་འཁོར་བཅས་པ་རྣམས།། ཐམས་ཅད་བདུད་ཀྱིས་བསླུས་པ་ན།། ཕོ་བྲང་ནང་གི་བཙུན་མོ་རྣམས།། དགེ་སློང་ཡོངས་བསྐོར་མཐོང




iiif viewer powered by OpenSeadragon

61a - 62a

Texts on this page

Ty017-002 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo