| | e-texts navigator
|
59b1 ཐམས་ཅད་གསེར་གྱི་ཁ་དོག་ཉིད་དུ་འགྱུར་བར་བྱེད་དོ།། དངུལ་དང་ཆུ་ཤེལ་གྱི་འདོད་དུ་གྱུར་པའང་དེ་བཞིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མ་འདྲེས་པའི་ཆོས་ཐོབ་པས། སེམས་ཅན
59b2 རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། དགེ་བ་དང་། མི་དགེ་བ་ཇི་སྙེད་པ་དེ་དག་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་ཅིང་ལྷན་ཅིག་འགྲོགས་པར་གྱུར་ན། ཐམས་ཅད་བྱང་ཆུབ་སེམས
59b3 དཔའི་ཡེ་ཤེས་ལ་འཇུག་པ་ཉིད་དུ་གྱུར་བར་བྱེད་ཀྱང་།། དེའི་སེམས་མི་གཙང་ཞིང་། རང་གི་སྡིག་པའི་ལས་ཀྱི་དབང་གིས་སེམས་ཅན་དམྱལ་པོ་དང་། དུང་འགྲོར་སྟེ་གནས་དང་། ཤིན་རྗེའི་འཇིག་རྟེན་དུ་བྱུང་བགྱུར།
59b4 བས། འདི་ལྟར་བྱང་ཆུབ་སེམས་དཔའི་མ་འདྲེས་པའི་ཡོན་ཏན་དང་། སྨོན་ལམ་གྱི་སྟོབས་ཀྱིས་ཁན་མ་ཐོ་བའི་རྣམ་པར་སྨིན་པ་ཟད་པའི་འོག་ཏུ་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
59b5 ཆུབ་ཐོབ་པར་གྱུར་པ་ལ་བཀོད་པར་བྱེད་དོ།། གློག་ཐོབ་སྔོན་བྱུང་བ་འདས་པ་བསྐལ་པ་ཚད་མེད་པ། དཔག་ཏུ་མེད་པ། གྲངས་མེད་པ་ན། སྙིགས་མ་ལྔའི་དུས་ཀྱི་ཚེ། དེ་བཞིན་གཤེས
59b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། ལྷ་དང
59b7 མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རིན་པོ་ཆེའི་ཕུང་པོ་ཡོན་ཏན་གྱི་སྒྲ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པར་གྱུར་ཏེ། ད་ལྟར་ང་ཇི་ལྟ་བ་བཞིན་ནོ།།
iiif viewer powered by OpenSeadragon
59a - 60a