| | e-texts navigator
|
58b1 དུ་བསལ་པ་འས། བསྐལ་པ་ལས་ལྷག་པར་དེ་དག་མོས་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་རྣམ་པ་སྣ་ཆོས་ཀྱི་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་། སྤྱོད་པ་དེ་དག་གི་མཐའ་ཡང་རྙེད་པར་མི་འགྱུར་བ།
58b2 བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་སྤོབས་པའང་གཏུགས་པར་མི་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོབ་པའི་ཆ་མཉམ་པ
58b3 སྤྱོད་པའི་གཏེར་ཅེས་བྱའོ།། ། བམ་པོ་གཉིས་པ་སྟེ་ཐ་མ།། གཞན་ཡང་ཀློག་ཐོབ་བྱང་ཆུབ་སེམས་དཔའ་དེས་དེ་ལྟ་བུའི་ཡེ་ཤེས་ཡོངས་སུ་རྫོགས་པ
58b4 གྱུར་པས། སེམས་ཅན་རྣམས་ཀྱི་དབང་པོ་དང་། སྤྱོང་བ་དང་། བསམ་པའང་ཐབས་མཁས་པས་རབ་ཏུ་རྟོགས་པས།། གལ་ཏེ་འདོད་ཆགས་མང་བའི་སེམས་ཅན་མཐོང་བར་གྱུར་ན། དེ་དག་རབ་ཏུ་དུལ་ཞིང་དེ
58b5 ངག་གི་ནད་གསོ་བའི་ཕྱིར། སོ་སོའི་སྐྱེ་བོ་དང་མཐུན་པར་འདོད་པ་རྣམས་ལ་ཡོངས་སུ་སྤྱོད་པ་དང་། བུ་དང་། ཆུང་མ་དང་། ཁྱིམ་གྱི་སོ་ཆེས་ཕུན་སུམ་ཚོགས་པར་སྟོན་པར་བྱེད་ཀྱང་། པདྨ་བཞིན་དུ
58b6 མགོས་ཤིང་མངོན་པར་རྟེན་པར་གྱུར་པ་མེད་དོ།། སེམས་ཅན་གང་གཏི་མུག་ཅིང་བློ་དང་མི་ལྡན་པ་དེ་དག་ནི།། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་མི་ཤེས་པས། འདི་སྙམ་དུ་པོ་དང་ལྡན་པ་སུ་ཞིག་ས་མ
58b7 སྲེ་བོ་དང་ཐ་མེ་ངང་བར་འདོད་པ་རྣམས་ཉམས་སུ་ལེན་པར་བྱེད་ཅེས། བྱང་ཆུབ་སེམས་དཔའ་དེ་ལ་འདི་ནི་བྱང་ཆུབ་སངས་པ་ཡིན་ནོསམ་དུ་སེམས་པར་བྱེད་དེ། སེམས་ཅན་དེ་བུ་དང་། ནིསམས
iiif viewer powered by OpenSeadragon
58a - 59a