e-texts navigator
Collection
Volume
Page
Wylie

56b1 རྣམས་ནི་ཉོན་མོངས་པའི་རྗེས་སུ་འབྲང་བ། གཞན་ལ་གནོད་པ་བྱེད་པ། མ་རིག་པའི་མངལ་ཀྱི་གྲོངས་ཀུན་ཏུ་དཀྲིས་པས་དར་གྱི་སྲིན་བུ་བཞིན་དུ་བདག་ཉིད་བཅིངས་པས་ཆོས་ཀྱི་དབྱིངས་རྟོནས་པན
56b2 ཐབས་མེད་པ། བྱ་བ་དག་ལ་ལེགས་པར་སོ་སོར་མི་རྫོག་པ། བདག་ཏུ་ལྟ་བ། མངོན་པར་ལེན་པ། ལམ་ལོག་པར་ཞུགས་པ། བུལ་བའི་སྤྱོད་པ་ལ་གནས་པ། ངེས་པར་འབྱུང་བར་དགའ་བ་ཡིན་པས་། འདི་ལྟ་བུ
56b3 ལ་སོགས་པས་རྨོངས་པར་གྱུར་པའི་སེམས་ཅན་དག་གི་ཆེད་དུ་དང་པོ་སེམས་བསྐྱེད་པ་ནས་སྦྱོར་བ་ཆེན་པོ་བསྐྱེད་དེ། ངལ་ཞིང་སྡུག་བསྔལ་བའང་མེད། ལེ་ལོའང་མེད་པར་རྐྱེན་གང་དང་། མོས་པ་གང་དང་། ཆོས་བསྟན་པ
56b4 ཇི་ལྟ་བུ་ཞིག་གིས་སེམས་ཅན་འདི་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བདུད་དེ། རྣམ་པར་གྲོལ་བ་ཐོབ་པར་འགྱུར་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སྔོརན་གྱི་ཆོས་ཀྱི་དབྱིངས་ལེགས་པར་སོ་སོར་བརྟགས་པས
56b5 རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་སྙིང་རྗེ་ཆེན་པོ་ལ་གནས་ཏེ། སེམས་ཅན་དེ་དག་ཆོས་ཀྱི་དབྱིངས་ལ་རྨོངས་པར་གྱུར་པར་རིག་ནས། ཅི་ནུས་ཅི་སྩོགས་ཀྱིས་ཆོས་བསྟན་ནས་རབ་ཏུ་དུལ་བར་བྱེད་ཀྱང་བདག་གིས་ཆོས་བསྟན་ཏོ།།
56b6 སྟོན་ཏོ།། སྟོན་པར་འགྱུར་རོ་སྙམ་དུ་སེམས་པ་མེད་དོ།། འོན་ཀྱང་དེའི་སྔོན་གྱི་སྨོན་ལམ་གྱི་མཐུས།། རྟེན་ཅིང་འབྲེལ་པར་འབྱུང་བ་ལེགས་པར་སོ་སོར་བརྟགས་ནས་རང་གི་དང་གིས་ཆོས་ཀྱི་ས་མོ་བཅུ་སྟོང་དུ་མ་བསྟན་ཏོ།།
56b7 སེམས་ཅན་དེ་དག་གི་མ་རིག་པའི་ལས་ཀྱི་འདུ་བྱེད་བསལ་ནས་རྣམ་པར་གྲོལ་བ་འཐོབ་པར་བྱེད་དོ།། གློག་ཐོབ་འདི་ལྟ་སྟེ། དཔེར་ན་སྨ་བ་བཟང་པོ་ནང་མང་པོ་གསོ་བ་ལ་མཁས་པ། སྔར་སྨན་དཔྱད་རྣམས་ལ་ཤིན་ཏུ




iiif viewer powered by OpenSeadragon

56a - 57a

Texts on this page

Ty017-002 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo