| | e-texts navigator
|
56a1 བའི་སྦྱི། མ་ས་ཅིག་ཏུ་རྗོད་པ་ཐམས་ཅད་ཆོས་ཀྱི་འབོར་པོ་ཡིན་ལ་ཆོས་ཀྱི་དབྱིངས་པ་ནི་ཐ་དང་དུ་མྱུ་སྨད་དེ། འདུ་པར་ར་དང་། སྤྱོད་བ་རློས་ལྗོ་། མ
56a2 གཞན་གཏོགས་པར་བརྒྱང་ཁྲི་བའི་སྟོང་དུ་གྱུར་པ་དེ་དངག་བྱང་ཆུབ་སེམས་དཔའ་རྩོལ་བ་མེད་པའི་ཡེ་ཤེས་ཡོངས་སུ་གྲུབ་པས་སེམས་ཅན་དེ་དག་གི་ཞེ་སྡང་གི་སྤྱོད་པ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་ཆོས་སྟོན་པར
56a3 བྱེད་ཀྱང་། བདག་གིས་སེམས་ཅན་ལ་ཆོས་བསྟོན་ཏོ།། སྙན་ཏོ།། སྟོན་པར་འགྱུར་རོ་སྙམ་དུ་སེམས་པ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེ་སྡང་སྤྱོད་པའི་བ
56a4 ཅེས་བྱའོ།། བྱང་ཆུབ་སེམས་དཔའ་གང་གིས་གཏེར་འདི་ཐོབ་པར་གྱུར་ན་བསལ་པ་འམ། བསྐལ་པ་ལས་ལྷག་པར་སེམས་ཅན་གྱི་མོས་པ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་ཚིག་འབྲུ་དང་། ཡི་གེ་དང་།
56a5 བརྗོད་པ་རྣམ་པ་སྣ་ཚོགས་ཀྱི་ཐབས་མཁས་པས་ཆོས་སྟོན་པར་བྱེད་ཀྱང་། ཞེ་སྡང་སྤྱོད་པའི་མཐའ་རྙེད་པར་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང་སྤོབས་པའང་གཏུགས་པར་མི་འགྱུར་ཏེ།
56a6 འདི་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལེགས་པར་བཤད་པས་ཐོབ་པའི་ཞེ་སྡང་སྤྱོད་པའི་གཏེར་ཅེས་བྱའོ།། ། གཞན་ཡང་གློག་ཐོབ་བྱང་ཆུབ་སེམས་དཔའ
56a7 སེམས་དཔའ་ཆེན་པོ་རྣམས་ཀྱི་གཏི་མུག་སྤྱོད་པའི་གཏེར་ཅེས་བྱ་བ་ཇི་ལྟ་བུ་ཞེ་ན། གློག་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་འདི་ལྟ་བུ་འདི་ནི་ཤིན་ཏུ་དཀའ་བའི་དངོས་པོ་ཡིན་ཏེ། འདི་ལྟར་སེམ་ཅན
iiif viewer powered by OpenSeadragon
55b - 56b