e-texts navigator
Collection
Volume
Page
Wylie

55b1 པར་མི་འགྱུར་བ་གན་ཆོས་ཀྱི་དབྱིངས་ཉིད་མ་རྟོགས་པར་གྱུར་ཏོ།། དེའི་ཕྱིར་དེ་ཝད་གྱེས་པར་འགྱུར་རོ་ཞེས་བྱང་ཆུ་བ་སེམས་དཔའ་དེས་ཏེ་སྡང་མང་བའི་སེམས་ཅ་དག་པ་ཟག་པར་སྙིང་བ་བར་བྱེད་ས་ཉི་རྟེན་པས
55b2 གནས་ཏེ། སྔོན་གྱི་སྨོན་ལས་ཡང་ཡོངས་སུ་རྫོགས་པར་བྱེད་ལ་ག་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་སེམས་ཅན་ཀྱི་ཨེ་ཀླུང་གི་སྤྱོང་པ་རྣམ་པར་གཞིག་པའི་ཕྱིར། ཆོས་ཀྱི་གོ་མོ་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པར་བྱེད་ཆུབ
55b3 བདག་གིས་སེམས་ཅན་གྱི་ཞེ་སྡང་བསལ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་མི་སེམས་སོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཤིན་ཏུ་ལེགས་པར་རྟོགས་པའི་ཕྱིར་རོ།། འདི་ནི་བྱང་ཆུབ
55b4 སེམས་དཔའ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་ལ་གནས་ནས། ཉོན་མོངས་པའི་སྤྱོད་པ་རབ་ཏུ་བསལ་བ་ཞེས་བྱའོ།། གློག་ཐོབ་འདི་ལྟ་སྟེ། དཔེར་ན་མུན་པ་བསལ་ནས་སྡང་བ་འཐོབ་པར་འགྱུར་ཡང་།
55b5 པུན་བསེལ་བར་བྱེད་པ་མེད་དེ། འདི་ལྟར་མུན་པ་དང་སྣང་བའི་ངོ་བོ་ཉིད་རམ་མཁའ་དང་མཚུངས་ཤིང་དབྱེར་མེད་པ་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཡེ་ཤེས་དེ་ལ
55b6 བརྟེན་ནས། ཐབས་ལ་མཁས་པས་ཆོས་རབ་ཏུ་བསྟན་ཏེ། ཞེ་སྡང་སྤྱོད་པའི་སེམས་ཅན་རྣམ་པ་སྣ་ཚོགས་འདུལ་ཞིང་ཞི་བར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ཐ་དད་དུ་གྱུར་པ་མེད་དོ།། གློག་ཐོབ་འདི་ལྟ་སྟེ། དཔེར་ན་ཉི
55b7 མའི་དཀྱིལ་འཁོར་ཤར་ནས་འོད་ཀྱིས་གང་དང་གང་དུ་སྣང་བར་བྱས་པ་དེ་དག་ཐམས་ཅད་ནི་ཉི་མའི་དཀྱིལ་འཁོར་གྱིས་བསྡུས་པ་ཡིན་ནོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཞེ་སྡང་གི་སྤྱོད་པ་གདུལ་ཞིང་བསལ




iiif viewer powered by OpenSeadragon

55a - 56a

Texts on this page

Ty017-002 - 'phags pa glog thob kyis zhus pa zhes bya ba theg pa chen po'i mdo