| | e-texts navigator
|
53a1 བུད་མེད་ཀྱང་ཞིག་སྐྱེས་པ་དགྲ་ལ་འདོད་ཆགས་ཀྱི་སེམས་སྐྱེས་པར་གྱུར་ན།། བྱང་ཆུབ་སེམས་དཔས་སྐྱེས་པའི་ལུས་བསྟན་ནས། འདོད་ཆགས་ཀྱི་དྲུག་མདར
53a2 དབྱུང་བའི་ཆེད་དུ་ཆོས་བསྟན་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ལ་ཞུགས་པར་བྱས་ནས་མི་སྡུང་བར་བྱེད་དོ།། སྲོག་ཐོབ་འདོད་ཆགས་ཀྱི་སྤྱོད་པ་ཏེ་ཁྲི་ཚིག་སྟོང་དང་། སྤྱོད་པ་གའ་དེ་དག་ཀྱང་ཏོ།
53a3 པར་བརྒྱད་ཁྲི་བའི་སྟོང་དུ་གྱུར་པ་དེ་དག་བྱང་ཆུབ་སེམས་དཔས་རྩོལ་བ་མེད་པའི་ཡེ་ཤེས་ཀྱི་སྒོ་མོ་བྱེ་བ་སྟོང་ཕྲག་ཚད་མེད་པ་བསྐྱེད་དེ། སེམས་ཅན་ཡོང་དུ་ཆུད་པར་བྱས་ནས་ཐམས་ཅད་རྣམ་པར་གྲོབ
53a4 བར་གྱུར་ཀྱང་། བདག་གིས་སེམས་ཅན་ལ་འདི་ལྟ་བུའི་ཆོས་བསྟན་ཏོ་སྙམ་དུ་སེམས་པའང་མེད་ལ། སེམས་ཅན་རྣམ་པར་གྲོལ་བར་གྱུར་པའང་མི་དམིགས་སོ།། གློག་ཐོབ་འདི་ལྟ་སྟེ། དཔེར་ན་རྒྱ་མཚེ་མ
53a5 དྲོས་པའི་ཀླུའི་རྒྱལ་པོ་ནི་ལས་ཀྱི་མཐུའི་དབང་གིས་དེའི་ཕོ་བྲང་གི་ནང་ནས་ཆུ་ཀླུང་ཆེན་པོ་བཞི་བྱུང་ནས།། སེམས་ཅན་ཆུ་དང་སྐམ་ལ་གནས་པ་དག་དབྱར་ཚ་བའི་དུས་ཀྱི་ཚེ་བསིལ་བ་དང་། རླན་གྱིས་མེ་ཏོག་དང་འབྲས
53a6 བུ་དག་རྒྱས་ཤོང་། འབྲུ་རྣམས་འཕེལ་བར་གྱུར་ནས་སེམ་ཅན་མང་པོ་ཤིན་ཏུ་བ་བར་བྱེད་ཀྱང་། ཀླུར་རྒྱལ་པོ་བདག་གིས་མུ་གྲང་བའི་པོ་འདི་དག་བྱུང་ངོ་།། དབྱུང་བར་བྱའོསྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ཆུ་ཟུང་བཞི་པོ་དག་རྩཝ་ཏུ
53a7 འབབ་ཅིང་སེམས་ཅན་རྣམས་ཉེ་བར་སྤྱོད་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་གྱུར་པའི་དབང་གིས་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་འཕགས་པའི་བདེན་པ་བཞི
iiif viewer powered by OpenSeadragon
52b - 53b