e-texts navigator
Collection
Volume
Page
Wylie

404a1 ། ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ། འདུས་པ་སུམ་ཅུ་རྩ་གསུམ་པ་རྫོགས་སོ།།
404a2 རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེམ་པོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བཾ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བམ་པོ་གཉིས་དང་ཤྲིཾ་ཀ་བཅཝ་ལྔ་བཅུ་ཡོད་དོ།།
404a3 རྒྱ་གར་སྐད་དུ། ཨཱརྱ་གུ་ཎ་རཏྣ་ས་ཀུ་སུ་མི་ཧ་ཕྲིད་ཚ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱུས་པས་ཞུས
404a4 པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན།
404a5 བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་རབ་ཏུ་མང་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ།
404a6 དེའི་ཚེ་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲོང་ཁྱེར་ཡངས་པའི་ལི་ཙ་བྱི་གཞོན་ནུ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་འདུག་གོ།། དེ་ནས
404a7 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ




iiif viewer powered by OpenSeadragon

403b - 404b

Texts on this page

Ty017-015 - 'phags pa dri ma med kyis byin pas zhus pa zhes bya ba theg pa chen po'i mdo
Ty017-016 - 'phags pa yon tan rin po che me tog kun tu rgyas pas zhus pa zhes bya ba theg pa chen po'i mdo