| | e-texts navigator
|
375b1 མེད་ཀྱིས་བྱིར་པ་ལུང་བསྟན་པ་ཞེས་བྱ་བར་ཟུང་ཞིག། གཞན་དག་ལའང་སྟོན་ཅིག། ཀུན་དགའ་བོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིམ་པོ་མེ་སྣ་ཚོགས་ཀྱིས་ཡོངས་སུ
375b2 དཀང་སྡེ་སྦྱིན་པ་བྱིན་པ་བས། གྲང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་དུ་ཐོས་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་ན། གང་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་།
375b3 ཀློག་པ་དང་། རྗོད་པ་དང་། ལུང་ཇི་སྐད་ཕོག་པ་བཞིན་དུ་ནན་ཏན་དུ་སྒྲུབ་པ་ལྔ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་དེ་སྙེད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
375b4 པོ་མྱ་ངན་མེད་ཀྱིས་བྱིན་པ་དང་། ཉན་ཐོས་ཆེན་པོ་དེ་དགྲ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྡོད་དོ།།
375b5 འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། འཕགས་པ་མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། འདུས་པ་སུམ་ཅུ་རྩ་གཉིས
375b6 པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ལོ་ཙ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བམ་པོ་གཅིག། ཤློ་ཀ་སུམ
375b7 བརྒྱ། རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་དང་ཏ་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པ་ཞེས
iiif viewer powered by OpenSeadragon
375a - 376a