e-texts navigator
Collection
Volume
Page
Wylie

323b1 སེམས་འདིར་སུ་དག་དགའ་བསྐྱེད་པ།། དེ་དག་འཚོ་བ་ལེགས་པར་འཚོ།། སེམས་ཅན་ཀུན་ལ་ཕན་བགྱིད་པའི།། སེམས་འདི་གང་དག་བསྐྱེད་གྱུར་པ།། དེ་དག་སེམས་ཅན་ཐམས་ཅད་དགའ།
323b2 དེ་དག་མཐོང་ནས་དགའ་བར་འགྱུར།། བྱང་ཆུབ་སེམས་ལ་སུ་དགའ་དང་།། དེ་དག་ལུས་ནི་གསེར་འདྲ་ཞིང་།། མཚན་གྱིས་ཤིན་ཏུ་སྦས་པ་དང་།། འཇིག་རྟེན་སྣང་བ་བྱེད་པར་གྱུར།། བྱང་ཆུབ་སེམས
323b3 ནི་སེམས་ཆེ་སྟེ།། སེམས་ཀུན་ནང་ན་དགེ་བ་མཆོག། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས།། ནད་ཀུན་རབ་ཏུ་ཞི་བར་བགྱིད།། སེམས་ཅན་བསོད་ནམས་ཆུང་ངུ་རྣམས།། བྱང་ཆུབ་སེམས་ནི་འོ།
323b4 མོ་བགྱིད།། འཁོར་བ་ལ་ནི་མི་རྟོག་པ།། བྱང་ཆུབ་སེམས་ཀྱིས་སྐྱོ་བར་འགྱུར།། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ལ་གལ་ཏེ་གཟུགས་མཆིས་ན།། ནམ་མཁའི་ཁམས་ནི་ཀུན་གང་སྟེ།
323b5 དེ་ནི་དེ་བས་ལྷག་པར་འགྱུར།། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི།། སངས་རྒྱས་ཞིང་རྣམས་མི་གང་གིས།། རིན་ཆེན་དག་གིས་རབ་བཀང་སྟེ།། འཇིག་རྟེན་མགོན་ལ་ཕུལ་བ་བས།། གང་གིས་ཐལ་མོ།།
323b6 སྦྱར་བགྱིས་ཏེ།། བྱང་ཆུབ་ཏུ་ནི་སེམས་བཏུད་ན།། མཆོད་པ་འདི་ནི་ཁྱད་པར་འཕགས།། དེ་ལ་མཐའ་ནི་མ་མཆིས་སོ།། བྱང་ཆུབ་སེམས་ནི་ཅི་འདྲ་།། དྲང་སྲོང་མཆོག་གིས་བསྟུན་མཛད་པ།། དེ།
323b7 འདྲའི་མཆོད་པ་གཞན་མ་མཆིས།། དཔལ་ཡང་གཞན་ནི་མཆིས་མ་ལགས།། སྨན་གྱི་དམ་པ་ནང་མ་མཆིས།། བྱང་ཆུབ་སེམས་ནི་ཡོན་ཏན་ལྡན།། ནད་ཀུན་རབ་ཏུ་ཞི་བར་བགྱིད།། སེམས་ཅན།




iiif viewer powered by OpenSeadragon

323a - 324a

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo