| | e-texts navigator
|
322a1 རྣམས།། དེ་དག་མེད་འགྱུར་བ་སྐམས་འགྱུར་འབྱུང་བར་འགྱུར།། དེ་བཞིན་འདོད་པ་གསོག་སྟེ་སྙིང་པོ་མེད།། མཁས་པ་གང་དག་དེ་ལ་དགའ་བར་བྱེད།། མཁས་པ་སུ
322a2 ཞིག་བློ་ཡི་སྟོབས་ལྡན་པ།། དེ་དག་རྟག་ཏུ་ཁྱིམ་གྱི་སྐྱོན་ལ་རྟོག། འདི་ལ་རེ་མྱོང་བྱེད་པ་སུ་ཡོད་ན།། འདི་དག་ཅི་ཕྱིར་ཁྱིམ་ནི་སྤྱོང་མི་བྱེད།། འདྲེན་མའི་ལས་ཀྱིས་ལོངས་སྤྱོད་ཚོལ་བྱེད་ཅིང་།
322a3 བུ་དང་དེ་བཞིན་ཆུང་མ་གས་བར་བྱེད།། ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུག་ན།། བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན།། ཇི་ལྟར་སྣ་ཚོགས་ལས་བྱས་བླངས་པ་བཞིན།། བུ་དང་ཆུང་མ་དག་ཀྱང
322a4 འདོད་བར་འགྱུར།། བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འོང་།། དེ་དག་དེ་ཚེ་བདག་གི་སྐལ་མི་ལེན།། མི་ངན་རྣམས་ཀྱིས་བདེ་ཕྱིར་དེ་དག་བླངས།། འདི་ནི་དེ་དག་སྡུག་བསྔལ་མྱ་ངང
322a5 འགྱུར།། སྲིད་གསུམ་འཇིགས་པ་འདི་ནི་བཤེས་ཀྱང་མེད།། དེ་བཞིན་བུ་དང་ཆུང་མ་རྩ་ལག་མེད།། ཕ་མ་སྨན་དང་བུ་དང་ཆུང་མ་དང་།། ཟན་དང་ནོར་དང་རྩ་ལག་ཚོགས་ཀྱི་རྣམས།། ཤི
322a6 པའི་ག་ཤིན་ཕྱིར་དེ་དག་འགྲོ་བ་མེད་།། ལས་རྣམས་རྗེས་སུ་འདྲང་ཞིང་བྱིས་པ་འམོ།། ལས་ནི་རྗེས་སུ་འབྲང་ཞིང་མི་ཀུན་འདོད་།། ལས་ཀྱི་གནས་པའི་འཇིག་རྟེན་རྣམས་སུ་རྒྱུ།། སྐྱེ་འདི་ལས
322a7 ཀྱི་བདག་ཉིད་རིག་གྱུར་ནས།། མཁས་པ་དག་ནི་དགེ་བའི་ལས་རྣམས་བྱེད།། མནར་མེད་སོང་ཚེ་དེ་དག་སྐྱབས་མིན་པས།། ཕ་མ་སྤུན་དང་སྙིང་སྡུག་པུ་རྣམས་དང་།། རྩ་ལ་གཉེ་དུ་སྡུག
iiif viewer powered by OpenSeadragon
321b - 322b