e-texts navigator
Collection
Volume
Page
Wylie

321b1 དགའ་བར་བྱེད།། ཡིད་བརྟན་ཀྱང་ནི་དེ་ལ་ཡིད་མི་རྟེན།། འོན་ཀྱང་བུ་འདྲར་སྡུག་པར་སྟོན་པར་བྱེད།། སེམས་ཅན་བརྣབ་མོ་འཇིག་རྟེན་གང་རྒྱུ་བ།། སྨན་དང་བསྟན་བཅོས་དག་ལ་མཁས་སྟོན་ཅིང་།
321b2 སྨད་འཚོང་ལྟ་བུར་ཚིག་གིས་འདྲིད་བྱེད་ལ།། ཁོང་ནས་མི་བདེ་ཤིན་ཏུ་རྩུབ་པ་ཡིན།། བརྣབ་མེ་དགྲ་ལ་མཛའ་བོ་རྣམས་ཀྱང་མེད།། ཉེ་དུ་མེད་ཅིང་སྙིང་སྡེབས་གྲོགས་ཀྱང་མེད།། འོན་ཀྱང་དེ་དག་ནོར
321b3 ཕྱིར་སྟེན་པར་བྱེད།། སྐྱེ་བོ་བརྣ་བ་ལ་མཁས་པ་ཡིད་མི་རྟོན།། བརྣབ་མོ་ལོངས་སྤྱོད་ཆེད་དུ་བྱ་མིན་བྱེད།། ཤིན་ཏུ་མི་བཟད་སེམས་ནི་ཀུན་ཏུ་སྐྱེད།། དེ་ཕྱིར་མཁས་པས་ཡང་དག་རྟོགས་བྱས་ལ།།
321b4 ངན་དོན་ཅི་ཡང་རུང་བས་ཆོག་ཤེས་ཀྱིས།། གསེར་དང་མུ་ཏིག་ནོར་བུ་བྱུ་རུ་དང་།། ལས་དགྲས་དེ་དག་ལྦུ་བ་ལས་ཀྱང་འབྱུང་།། དེ་དག་སྒྱུ་མའི་རང་བཞིན་མ་རྟོགས་ནས།། དེ་དག་ཕྱིར་ནི་འཐབ
321b5 ཅིང་རྩོད་པར་བྱེད།། བྱམས་པ་ཞེས་བྱ་གང་ཞིག་འདིར་འབྱུང་སྟེ།། དེ་བཞིན་གཤེགས་པ་དེ་ནི་འབྱུང་བའི་ཚེ།། ས་འདི་གསེར་གྱིས་རབ་ཏུ་གང་བར་འགྱུར།། དེ་ཡི་ཚེ་ན་དེ་ནི་ག་ལས་འབྱུང་།། འདོད
321b6 བའི་ཡོན་ཏན་ལྔ་དག་སླུ་བ་སྟེ།། བརྫུན་པའི་ཆོས་ཅན་འཁྲུལ་བྱེད་རྨོངས་པར་བྱེད།། དཔེར་ན་སོས་ཀའི་ཉི་མ་གུང་དུས་མ།། སྨིག་རྒྱུ་ཆུར་སྣང་འདོད་པ་དེ་བཞིན་ནོ།། བསྐལ་པ་གཅིག་ལོན་ནས་ནི
321b7 འཇིག་རྟེན་འདི།། ནམ་མཁའི་རང་བཞིན་ནམ་མཁར་འགྱུར་བར་འོང་།། ལྷུན་པོ་དག་ཀྱང་ཚིག་ཅིང་རྣམ་པར་འཇིག། དེ་དག་གང་ནས་འོངས་ཤིང་གང་དུ་འགྲོ།། ཆུ་མིག་མཚེའུ་དང་རྫིང་དང་རྒྱ་མཚོ




iiif viewer powered by OpenSeadragon

321a - 322a

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo