e-texts navigator
Collection
Volume
Page
Wylie

320b1 ཅིག་གཡོ་ལྡན་ལུས་ལ་སྲེད་པ་བསྐྱེད་ནས་ནི།། བྱིས་པ་རྟག་ཏུ་རྣམ་པར་རྨོངས་ཏེ་འཁྱམ།། ལུས་འདི་བྱས་པ་མི་གཟོ་དངོས་ཡིན་པས།། ཉིན་དང་མཚན་དུ་སྡུག་བསྔལ་ཚོར་བ་མྱོང་།། རྟག
320b2 ནད་འདྲ་སྡུག་བསྔལ་འཁྲུལ་འཁོར་ཏེ།། ལུས་འདི་ངན་སྐྱུགས་རྣམས་དང་མཆིལ་མས་གང་།། བཀྲེས་དང་སྒོམ་པས་རྟག་ཏུ་མངོན་པར་གཙེས།། མཁས་པ་སུ་ཞིག་ལུས་ལ་སྲེད་པ་སྐྱོད།། ལུས
320b3 འདི་ས་གཏིང་འདྲ་སྟེ་ཆོག་མི་ཤེས།། གཤེད་མ་མི་མཛའ་འདྲ་ཡང་བྱིས་པས་གསོ།། ལུས་ཀྱི་ཆེད་དུ་སྡིག་པའི་ལས་ཀྱང་བྱེད།། དེ་ཕྱིར་དེ་དག་སྡུག་བསྔལ་ཚོར་བ་སྐྱེད།། ལུས་འདི་རྡོ་རྗེ་ལྟ་བུར་སྔ་མ
320b4 ཡིན།། ལུས་ཀྱི་ཆེད་དུ་སྡིག་པ་མ་བྱེད་ཅིག། འཆི་བར་རྟོགས་ནས་བསོད་ནམས་མྱུར་དུ་བྱོས།། དེ་བཞིན་སངས་རྒྱས་བསྟན་ལ་དད་པ་སྐྱེད།། ཟས་དང་སྐོམ་དང་བྱུག་པ་གོས་རྣམས་ཀྱིས།། ལུས་འདི་ཇི
320b5 སྲིད་ཡུན་རིང་བསྙེན་བཀུར་ཏེ།། བརྟན་པར་བྱས་ཀྱང་འཇིག་པར་འགྱུར་ཡིན་ན།། འདི་ལ་འབད་པ་དོན་མེད་ཅི་ཕྱིར་བྱ།། བསྐལ་པ་ངརྒྱར་ཡང་ཤིན་ཏུ་རྙེད་པར་དཀའ།། ཐུབ་པ་འབྱུང་འདི་ཁྱེད་ཀྱིས་རྙེད་པ་ལ།
320b6 སངས་རྒྱས་བསྟན་ལ་དེ་བཞིན་དངད་པ་སྐྱེད།། ཤིན་ཏུ་འཇིགས་པའི་ངན་འགྲོར་མ་འགྲོ་ཞིག། ལེ་སྟོང་བྱེ་བདྲ་སུ་ཞིག་འཚོ་གྱུར་པ།། དེས་ཀྱང་ཆགས་པ་ཡོངས་སུ་སྤང་བྱན།། སུ་ཞིག་ལོང་རྒྱ་ཟུང་བར་མི་འགྱུར།
320b7 བ་དེ་ཕྱིར་དགའ་བ་མི་རྙེད་སྨོས་ཅི་དགོས།། མ་བསྡམས་མི་རྣམས་ཁ་ཅིག་འདི་སྐད་དུ།། མི་རྙེད་ཤིན་ཏུ་དཀའ་བ་རྙེད་པ་ལ།། གཞོན་ཚེ་རྩེད་མོ་དག་དང་དགའ་བྱ་ཞིང་།། ནོར་བཙལ་བདེ་བ་མྱོང་བས




iiif viewer powered by OpenSeadragon

320a - 321a

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo