| | e-texts navigator
|
320a1 པ་དང་། སྲོག་ལ་དགའ་བ་དང་། སྲོག་བདག་གིར་བྱེད་པ་དང་། སྲོག་ལ་སྲེད་པ་དང་། སྲོག་ལ་ཞེན་པ་གང་ཡིན་པ་དང་། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མད།
320a2 དུ་དང་། བུ་མོ་དང་། བཟའ་བ་དང་། བཏུང་ང་དང་། དགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་ཨཱ་བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་རྣམས་དང་། ཡོ་བྱད་ཐམས་ཅ།
320a3 ཀྱི་བར་དག་ལ་འདུན་པ་དང་། དགའ་བ་དང་། བདག་གིར་བྱེད་པ་དང་། སྲེད་པ་དང་། གནས་པ་དང་། ཞེན་པ་གང་ཡིན་པ་དེ་དག་ཐམས་ཅད་སྤོང་སྟེ། དེ་ལུས་དང་སྲེག་ལ་མི་ལྟའོ།།
320a4 བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང
320a5 བ་དང་། བྱུག་པ་རྣམས་ལ་མི་ལྟ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་མྱུར་དུ་ཡོངས་སུ་རྫོགས་པར་བྱེད་དོ།། ཁྱིམ་བདག་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ
320a6 རྫོགས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་རྫོགས་པར་འཚང་རྒྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལུས་རྒྱ་ཆེར་ཡོངས་སུ་བསྟན་པའི
320a7 ཕྱིར།། དེའི་ཚེ་ཚིགས་སུ་བཅད་པ་དེ་དག་བཀའ་སྩལ་ཏོ།། མི་རྙེད་ཤིན་ཏུ་རྙེད་དཀའ་རྙེད་པ་ལ།། ལུས་ཀྱི་ཕྱིར་ནི་སྡིག་པ་མ་བྱེད་ཅིག། འདི་ནི་དུར་ཁྲོད་པ་སྟེ་ཅེ་སྤྱང་ཟས།། ལུས་ཀྱི་ཕྱིར་ནི་ཡ་ངང་མ་འཇུག
iiif viewer powered by OpenSeadragon
319b - 320b