e-texts navigator
Collection
Volume
Page
Wylie

319b1 འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་ཏེ། སྡུག་བསྔལ་གྱི་སྣོང་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཕུང་པོ་ལྔ་མངོན་པར
319b2 ཟུང་བས་སྡུག་བསྔལ་གྱི་གོང་དུ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་རྐྱེན་ཐ་དད་པས་བྱུང་བས་།། བདག་མེད་པ་དང་བདག་པོ་མེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྐྱེས་པ།
319b3 དང་བུད་མེད་དང་བྲལ་བས་སྲོག་མེད་པར་བརྟག་པར་བྱ།། བྱང་ཆུབ་སེམས་དཔས་ལུས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱིས་སྟོང་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་རྨི་ལམ
319b4 ལྟ་བུ་སྟེ། གསོག་ཏུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྒྱུ་མ་ལྟ་བུ་སྟེ། ཡང་དག་པ་མ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྨིག་རྒྱུ་ལྟ་བུ་སྟེ། འཁྲུལ་པར་བྱེད་པར་བརྟག།
319b5 བར་བྱ། བྱང་ཆུབ་སེམས་དཔས་ལུས་དྲག་ཆ་ལྟ་བུ་སྟེ། སྨྲ་དར་བརྟག་པར་བྱ།། བྱང་ཆུབ་སེམས་དཔས་ལུས་མིག་ཡོར་ལྟ་བུ་སྟེ། སླུ་བའི་བདག་ཉིད་དུ་བརྟག་པར་བྱ་སྟེ། ཁྱིམ་བདག་རྣམས
319b6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་བཞི་བཅུ་རྩ་བཞི་པོ་དེ་དག་གིས་ལུས་ལ་སགས་བྱའོ།། དེ་ལྟར་རྟག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ལ་ལུས་སུ་བདུན་པ་དང་།
319b7 ལུས་ལ་དགའ་བ་དང་། ལུས་བདག་གིར་བྱེད་པ་དང་། ལུས་ལ་སྲེད་པ་དང་། ལུས་ལ་གནས་པ་དང་། ལུས་ལ་ཞེན་པ་གང་ཡིན་པ་དེ་དག་ཐམས་ཅད་སྤོང་ངོ་།། སྲོག་ལ་སྲོག་ཏུ་འདུན




iiif viewer powered by OpenSeadragon

319a - 320a

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo