| | e-texts navigator
|
318b1 དང་ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་ལྗོངས་པར་བརྟག་པར་བྱ།། བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་ཀྱི་དྲངས་ཁེབས་ཤིང་སྲེད་པའི་དྲ་བར་ཆུང་པར་དག་པར་བྱ།། བྱང་ཆུང་སུམས་དཔ
318b2 ལུས་ཀུན་ནས་བུ་གས་ཡོངས་སུ་གང་བས། བུ་གའི་གནས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ནང་བརྒྱ་རྩ་བཞིས་གཙེས་པར་བརྟག་པར་བྱ།། བྱང་ཆུབ་སེམས་དཔས་ལུས་སྲིན་དུའི་རིགས
318b3 བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འཆི་བའི་ཆོས་ཉིད་ཡིན་པས་མི་རྟག་པར་བརྟག་པར་བྱ།། བྱང་ཆུབ་སེམས་དཔས་ལུས་ཆོས་ལ་རྨོངས་པས་བེམས་པོ་ཡིན་པ
318b4 བརྟག་པར་བྱ།། བྱང་ཆུབ་སེམས་དཔས་ལུས་མཐར་གྱིས་གྲུབ་ཅིང་ཐ་མར་འཇིག་པས་བུམ་པ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མྱ་ངན་གྱི་གནོད་པ་མང་པོས་གང་བས་ཉམ་ཐག་པར
318b5 བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མཐུར་རྒ་ཤིར་འགྱུར་བས་རྟོན་པ་མེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་གཡོ་དང་སྒྱུའི་ཉེ་བར་སྤྱོད་པ་དག་གིས་གླགས་པར་བརྟག་པར་བྱ། བྱང
318b6 ཆུབ་སེམས་རབས་ལུས་དབང་དཀའ་བས་སའི་གཏིང་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་དགའ་བའི་གཟུག་དང་བདེ་བའི་གཟུགས་ལ་ཞེན་པས་མེ་ལྟ་བུར་བརྟག་པར་བྱ། བྱང་ཆུབ
318b7 སེམས་དཔས་ལུས་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་ཆོག་མི་ཤེས་པར་བརྟག་པར་བྱ།། བྱང་ཆུབ་སེམས་དཔས་ལུས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གིས་འཇོམ་པར་བརྟག་པར་བྱ།། བྱང
iiif viewer powered by OpenSeadragon
318a - 319a