e-texts navigator
Collection
Volume
Page
Wylie

317b1 ཐམས་ཅད་ཀྱིས་དང་བ་བར་ཆར་ཅན་ལྟར་སོ་སོར་ཡོངས་སུ་གད་ང། པགས་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་བ། རེ་ཛོང་དྲུག་གིས་གསོ་བ་ལུས་ཀྱི་མེ་ལ་ངན་སྐྱུགས་ཀྱི་སྦྱིན་སྲེག་བྱེད་པ། ཅག་ཏུ་མཐར།
317b2 འཛག་པ། ལུས་ཀྱི་ཡན་ལག་དེ་དག་ཐམས་ཅད་ཀྱིས་དལྟ་ན་མི་སྡུག་པ། དྲི་བ་རྣག་གི་རང་བཞིམ་ཡིན་ན། འདི་ལ་སུ་ཞིག་གུས་པ་བྱེད་དེ། སྐད་ཅིག་དགོས་པའི་ཕྱིར་སྣོད་བརྙན་མ་ཙམ་དུ་རང་བ་དང་།
317b3 ཁུར་བསྐུར་བའི་ཕྱིར་ཤིང་རྟ་ལྔ་བུ་འབའ་ཞིག་ཡིན་པར་ཆོས་ཀྱི་བློས་གཟུང་བར་བྱའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི།། གཟུགས་མངོན་ང་རྒྱལ་ཅན
317b4 གང་གུས་བྱེད་པ།། བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ།། མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ།། དེ་ཡི་སཱ་ནས་རྣག་པ་འཛག། ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང་།། མི་སྡུག་ཆགས
317b5 ཤིང་སྐྱེ་བོའི་སྲིན་བུ་ཅན།། དེ་ལ་སུ་ཞིག་ཆགས་ཤིང་གུས་པར་བྱེད།། དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ།། འདི་ནི་དཀར་པོ་བྱ་ཞེས་བདར་བྱེད་ཀྱང་།། དཀར་པོའི་དངོས་པོར་མི་འགྱུར་ཟད
317b6 པར་འགྱུར།། བྱིས་བློ་བྱིན་ཅི་ལོག་གི་ང་རྒྱལ་ཙམ།། དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ཅན།། ང་ཡིས་ལུས་འདི་གཙང་མར་བྷ་ཞེས་ཏེ།། བསྐུས་ཕྱིར་འདབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང་།
317b7 འཆིང་དག་དབང་གིས་ཟད་འགྱུར་གཙང་མི་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་། ཁྱིམ་བདག་དཔའ་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་དཀའ་སྩལ་པ། ཁྱིམ




iiif viewer powered by OpenSeadragon

317a - 318a

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo