e-texts navigator
Collection
Volume
Page
Wylie

317a1 #སྐྱུགས་ལ་སོགས་ཏེ་དྲི་མ་རྣམས་འབྱུང་། རངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་ཤའོ།། ཤ་ལས་ཚལ་ལོ།། ཚིལ་ལས་རུས་པའོ།། རུས་པ་ལས་རྐང་ངོ་།། ནང་ལས
317a2 ཁུ་ཆུའོ།། ཁུ་ཆུ་ལས་ལུས་འདི་ལྟ་སྟེ། དེ་ལྟར་ཐོག་མ་དང་ཐ་མའི་རྒྱུ་མི་གཙང་བའི་ཕྱིར་ལུས་མི་གཙང་བར་བྱང་ཆུབ་སེམས་དཔས་བསམ་པར་བྱའོ།། ལུས་ལ་མི་གཙང་བར་ལྟ་བ་ན། བྱང་ཆུབ་སེམས
317a3 དཔས་འདི་སྙམ་དུ་བསམ་པར་བྱ་སྟེ། ལུས་ཤེས་བྱ་བ་འདི་ནི་རུས་པ་སུམ་བརྒྱ་དྲུག་ཅུས་ཁོག་པ་བསླང་བ། ཤིང་ངན་པའི་ཁྱིམ་ལྟར་ཚིགས་སུམ་བརྒྱས་སྦྱར་བ། རྩའི་དྲ་བ་བཞི་བརྒྱས་གླགས་པ། ཤ་སྭར
317a4 ཚད་ལྔ་བརྒྱས་གཡོགས་པ། སྡོམ་རྩ་དྲུག་གིས་ཁེབས་པ་རྩ་བདུན་བརྒྱས་གང་བ། རྒྱས་པ་བདུན་བརྒྱས་སྦྲེལ་པ། ཆུ་བཅུ་དྲུག་བརྟན་པ། ཆུབ་གཉིས་ཀྱིས་ཁྱབ་པར་དཀྲིས་པ། རྒྱུ་མ་འདོམ་ཕྱེད་དང
317a5 བཞིས་ནང་རོལ་བྱས་པ། ལོང་ཀ་དང་། ཕོ་བ་དང་འབྲེལ་བའི་གཉེ་མ་རིམ་པ་ཅུ་དྲུག་ཏུ་འཁྱིལ་བ། རྩ་བྲན་ཉིས་སྟོང་ལྔ་བརྒྱས་སྐར་ཁུང་བྱས་པ་གཤིས་བརྒྱ་རྩ་བདུན་གྱིས་སྣོད་ཆག་བལྟར་ཤིག་ཤིག།
317a6 པོར་གྱུར་པ། སྤུའི་ཁུང་དུ་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུས་རྩ་ལྔར་ཁེངས་པ། དབང་པོ་ལྔའི་བུ་ག་དགུ་ཡོད་པ། གནས་བདུན་དང་ལྡན་པ། མི་གཙང་བས་ཡོངས་སུ་གང་བ། ཀླད་པ་སྙིམ་པ་གང་དང་།
317a7 ཚིལ་སྙིམ་པ་གང་དང་། ཞག་སྙིམ་པ་གསུམ་དང་། བད་ཀན་སྙིམ་པ་དྲུག་དང་། མཁྲིས་པ་སྙིམ་པ་དྲུག་དང་། རླུང་གི་མཐའ་དག་དྲངས་པ་དང་། ཁྲག་ཟེ་གང་དང་། ངན་སྐྱུགས་ཕུལ་གང་དང་། དེ་དག




iiif viewer powered by OpenSeadragon

316b - 317b

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo