| | e-texts navigator
|
316b1 འགྲོན་པོ་མེད་པའི་གནས་ཁང་ལྟར་ཡོངས་སུ་འདྲང་བ་མེད་པ་དང་། བཙོན་སྲུངས་ལྟར་གསུག་གིས་བསྒྲུབ་པར་དྲང་དང་། མཐའ་འཁོབ་ཀྱི་གྲོང་ཁྱེར་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང་། རྩེ་མའི་གྲོང་ཁྱེར
316b2 རྟག་ཏུ་འཇིག་པའི་བདག་ཉིད་ཅན་དང་། མེ་ལྟར་ཆོག་མི་ཤེས་པ་དང་།། རྒྱ་མཚོ་ལྟར་དགང་དཀའ་བ་དང་། སྦྲུལ་གྱི་གཟེབ་ལྟར་ནན་ཏན་གྱིས་ངག་བྱ་བ་དང་། བྱིས་པ་ཆུང་ངུ་ལྟར་རྟག་ཏུ་ཡོངས་སུ་བསྲུང་དགོས་པ
316b3 དང་། སྣོད་ཆག་པ་ལྟར་རྟག་ཏུ་བག་བྱ་དགོས་པ་དང་། ཡུལ་དྲན་པ་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང་། ཟས་དུག་ཅན་ལྟར་རྟག་ཏུ་ཡོངས་སུ་སྤང་བར་བྱ་བ་དང་། རེ་ཞིག་དགོས་པའི་ཕྱིར་སྡོད་བརྙན་མ་ལྟ
316b4 བུ་དང་། ཁུར་བཀུར་བའི་ཕྱིར་ཤིང་རྟ་བུ་ཡིན་པ་འབའ་ཞིག་ཏུ་བློས་གཟུང་བར་བྱའོ།། ཁྱིམ་བདག་རྣམས་གཞན་ཡང་བྱང་ཆུབ་སེམས་དཔས་ལུས་འདི་ཐོག་མ་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག
316b5 པར་བྱའོ།། ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་འབྱུང་སྟེ། འདི་ལ་ཁུ་ཆུ་དང་ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ།། ཐ་མའི་རྒྱུ་ནི་ཟས་འཇུ་བ་ལ་སོགས་པ་སྟེ། ཁམ་གྱིས་བཟབ་པའི་ཟས་རྗེས་མ་ཐག་ཏུ་བང
316b6 ཀན་གྱི་གནས་སུ་འགྲེའོ།། བད་ཀུན་གྱི་གནས་སུ་ཕྱིན་ནས། བར་ཀན་གྱིས་རྒྱང་རྒྱང་པོར་བྱས་ཏེ་ཤིན་ཏུ་མི་གཙང་བར་འགྱུར་རོ།། དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ། མཆིས་པའི་གནས་སུ་ཕྱིམ་ནས
316b7 ཞུ་ཞིང་སྐྱུར་པོར་འགྱུར་ཏེ། རླུང་གི་གནས་སུ་འགྲེའོ།། ཞུ་སྟེ་རླུང་གི་གནས་སུ་ཕྱིན་ནས་རླུང་གིས་ཚིགས་མ་ལོགས་ཤིག། དངས་མ་ལོགས་ཤིག་ཏུ་རྣམ་པར་འབྱེད་དེ། ཚིགས་མ་ལས་ནི་གཅིན་དང་ངན
iiif viewer powered by OpenSeadragon
316a - 317a