e-texts navigator
Collection
Volume
Page
Wylie

316a1 ལྟར་འདྲིང་པའི་བདག་ཉིད་ཅན་དང་། ལྦུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་དང་། ཆུའི་ཆུ་བུར་ལྟར་བྱུང་ནས་འཇུག་ཅིང་འཇུབ་དང་། སྨིག་རྒྱུ་ལྟར་སྲུ་བའི་བདག་ཉིད་ཅན་དང་།
316a2 ཆུ་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་དང་། སྒྱུ་མ་ལྷུར་སླུ་བའི་བདག་ཉིད་ཅན་དང་། རྒྱལ་པོ་ལྷུར་བསྒོ་དྲུག་མང་བ་དང་། དགྲ་ལྟར་གླགས་ལྟ་བ་དང་། རྐུན་པོ་ལྟར་ཡིད་བརྫུན་དུ་མི་རུང་བ་དང་། གཤེག་མ་ལྟར
316a3 རྗེས་སུ་ཆགས་པ་མེད་པ་དང་། མི་མཛའ་བ་ལྟར་མི་ཕན་པར་འདོད་པ་དང་། གསོད་པ་ལྟར་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པ་དང་། ཕྱིར་རྒོལ་བ་ལྟར་དགེ་བའི་ཕྱོགས་ཀྱི་ཆོས་ཀྱི་ངར་ཆད་བྱེད་པ་དང་། གྲོང
316a4 སྟོང་ལྔར་བདག་དང་བྲལ་བ་དང་། རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་པ་དང་། རྫང་ལྷར་མི་གཙང་བ་སྣ་ཚོགས་ཀྱི་ཡོངས་སུ་གང་བ་དང་། སྦྲང་མའི་སྣོད་ལྟར་མི་གཙང་བ་ཟག་པ་དང་། སྦྲུལ་དང་། མི་དང་།
316a5 ཁྱིའི་རོ་ལྟར་དྲི་མི་ཞིམ་པ་དང་། ངན་སྐྱུགས་ཀྱི་ཁུང་ལྟར་མི་གཙང་བའི་འབྱུང་གནས་དང་། རྨ་ལྟར་བསྐྱོད་མི་བཟོད་པ་དང་། ཟུག་རྔུ་ལྟར་གནོད་པའི་བདག་ཉིད་ཅན་དང་།། ཇེ་བོ་སྡང་བ་ལྟར་བསྙེན་པར་དཀའ་བ་དང་།
316a6 ཁང་རྙིང་ལྟར་བཅོས་ལེགས་བྱས་ཤིང་བརྟེན་པ་དང་། གྲུ་རྙིང་ལྟར་བཅོས་ལེགས་བྱ་ཞིང་སྤྱད་པ་དང་། བུམ་པ་སོ་མ་བཏང་བ་ལྟར་ནན་ཏན་གྱིས་བག་བྱ་དགོས་པ་དང་། གྲོགས་པོ་མི་བསྲུན་པ་ལྟར་རྟག་ཏུ་རྗེས་སུ་བསྲུས
316a7 དགོས་པ་དང་། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་དང་། ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་མཐར་འཆི་བའི་རྒྱ་མཚོ་ལ་ཐུག་པ་དང་། གྲོ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དང




iiif viewer powered by OpenSeadragon

315b - 316b

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo