| | e-texts navigator
|
315b1 འབྲུ་དང་། ཁྱིམ་དང་། ཆུང་མ་དང་། མུ་དང་། བུ་མོ་རྣམས་ལ་ལྟ་ཞིང་གནས་པ་ལགས། བཟའ་བ་དང་། བཏུང་བ་དང་། དགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། སྤོས་དང་། བདུག་པ
315b2 འབྲང་བ་དང་། བྱུག་པ་རྣམས་ལ་ལྟ་ཞིང་གནས་པ་ལགས། ཡོ་བྱད་ཐམས་ཅད་ལ་སྨྲ་ཞིང་གནས་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སོ་སོར་ཏོག་ཅིང་ལུས་ལ་མི་ལྟ་བ་ལགས། འདེས།
315b3 གཤེགས་པ་ཇི་ལྟར་སྲོག་པ་མི་ལྟ་བ་ལགས། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་རྣམས་ལ་མི་ལྟ་བ་ལགས། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་།
315b4 མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་རྣམས་ལ་མི་ལྟ་བ་ལགས། ཡོ་བྱད་ཐམས་ཅད་ལ་མི་ལྟ་བ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས།
315b5 བདག་དཔའ་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་འདྲི་སྐད་ཅེས་བཀའ་སྩལ་ཏོ།། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་འདི་ལ་རྣམ་པ་དུ་མར་སོ་སོར་བརྟག
315b6 བར་བྱའོ།། རྣམ་པ་དུ་མ་གང་ཞེ་ན། འདི་ལྟ་སྟེ། ལུས་འདི་མཐར་གྱིས་གྲུབ་པ་དང་། མཐར་གྱིས་འཇིག་པ་དང་། རྡུལ་ཕྲ་རབ་བསགས་པ་དང་། ཁོང་སྟོང་དང་། གྱེ་གུ་ཅན་དང་། ཊག་དགུ་དང་། སྲུའི
315b7 ཁུང་བུ་ནས་ཟག་པ་དང་། གྲོག་མཁར་ལྟར་སྤྲུལ་གདུག་པའི་གནས་སུ་གྱུར་པ་དང་། སྤྲུལ་གདུག་པ་ལྟར་བྱས་པ་མི་གཟོ་བ་དང་། མ་སྐྱེས་དགྲའི་སྤྲེའུ་ལྟར་གྲོགས་ལ་འཁུ་བ་དང་། བཤེས་གཉེན་ངན་པ
iiif viewer powered by OpenSeadragon
315a - 316a