| | e-texts navigator
|
315a1 བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་ཡོངས་སུ་གཏང་བ་མང་བ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པར་བྱ། ཚུལ་ཁྲིམས་རྣམ་པ་གསུམ་ཡོངས་སུ་དག་པར་ཚུལ་ཁྲིམས་ཀྱི་སྡོམ
315a2 པ་ལ་གནས་པར་བྱ། སེམས་ཅན་ཐམས་ཅད་ཀྱིས་ཉེས་པ་བྱས་པ་ལ་ཇི་མི་སྙམ་པར་བཟོད་པ་དང་། ངེས་པ་ཕུན་སུམ་ཚོགས་པར་བྱ། ལུས་དང་སྲོག་ལ་མི་ལྟ་བར་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོ་བར་བྱ།།
315a3 རྣམ་པར་མི་གཡེང་བའི་སེམས་རྩེ་གཅིག་ཏུ་བྱ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་ལྟ་བ་དང་ཐལ་བར་ཤེས་རབ་ཀྱིས།
315a4 རྣམ་པར་དཔྱད་པ་ལ་མཁས་པར་བྱ། དེས་སྦྱིན་པ་སྦྱིན་པ་ན། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ། སྦྱིན་པ་སྦྱིན་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ། ཚུལ་ཁྲིམས་བསྲུང་བར་བྱ། སེམས་།
315a5 ཐམས་ཅད་ཡིད་ལ་བྱས་ཏེ། བཟོད་པ་བསྒོམ་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ། བརྩོན་འགྲུས་བརྩམ་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ། བསམ་གཏན་ལ་མཉམ་པརྡ་གཞག་པར་བྱ།
315a6 སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ། ཤེས་རབ་བསྒོམ་པར་བྱ། སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ། ཐབས་ལ་མཁས་པ་ལ་བསླབ་པར་བྱའོ།། དེ་ནས་ཁྱིམ་བདག་དང་བ་བྱིན་དང
315a7 ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ལུས་ལ་ལྟ་ཞིང་གནས་པ་ལགས། སྲོག་ལ་ལྟ་ཞིང་གནས་པ་ལགས། དེ་བཞིན་དུ་ནོར་དང་།
iiif viewer powered by OpenSeadragon
314b - 315b