| | e-texts navigator
|
314b1 སེམས་དཔའ་སེམས་དཔའ་ཆེན་པོ་དེས་ལུས་ལ་ཆགས་པར་མི་བྱ། སྲོག་ལ་ཆགས་པར་མི་བྱ། དེ་བཞིན་དུ་མེ་དང་། འཇུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་རྣམས་ལ་ཆགས་པར་རི
314b2 བཟའ་བ་དང་། བཏུང་བ་དང་། བགོ་ང་དང་། བཞོན་པ་དང་། མལ་ཆ་དང་ཀམེ་ཏོག་དང་། བདུག་པ་དང་། སྤོས་དང་། བྱུག་པ་དང་། འཕྲེང་དུ་རྣམས་ལ་ཆགས་པར་མི་རྱ། ཡོ་བྱད་ཐམས་ཅད་ལ
314b3 ཆགས་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས་སེམས་ཅན་དག་ནི་ཕལ་ཆེར་ལུས་དང་སོག་ལ་ཆགས་པར་གྱུར་ནས། སྡིག་པའི་ལས་རྣམས་བྱེད་དེ། དེ་དག་སྡིག་པའི་ལས་བྱས་ཤིང
314b4 བསགས་པ་དེས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ།། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། ལུས་དང་སྲོག་ལ་མ་ཆགས་པར་བྱས་ན་བདེ
314b5 འགྲོ་རྣམསུ་སྐྱེའོ།། ཁྱིམ་བདག་རྣམས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པས་འཚང་རྒྱ་བར་འདོད་པས། སེམས་ཅན
314b6 ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་ལུས་ལ་ཆགས་པར་མི་བྱ། སྲོག་ལ་ཆགས་པར་མི་བྱ། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་རྣམས་ལ་ཆགས་པར་མི་བྱ།
314b7 བཟའ་པ་དང་། བཏུང་བ་དང་། དགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་རྣམས་ལ་ཆགས་པར་མི་བྱ། ཡོ་བྱད་ཐམས་ཅད་ལ་ཆགས་པར་མིག
iiif viewer powered by OpenSeadragon
314a - 315a