e-texts navigator
Collection
Volume
Page
Wylie

314a1 ལྟར་བསླབ་པར་བགྱི། ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས། ཁྱིམ་བདག་དཔའ་སྦྱིན་དང་། ཁྱིམ་བདག་ལྔ་རྒྱ་།
314a2 དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཁྱིམ་བདག་རྣམས་ལེགས་སོ་ལེགས་སོ།། ཁྱིམ་བདག་རྣམས་ཁྱེད་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས། དེ་བཞིན
314a3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐད་དུ་ལྷགས་པ་ཁྱེད་ཡང་ལེགས་སོ།། ཁྱིམ་བདག་རྣམས་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། བྱང་ཆུབ་སེམས
314a4 དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་པར་འདོད་པས་ཇི་ལྟར་བསླབ་པར་བྱ་བ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར
314a5 བྱ་བ་ངས་ཁྱེད་ལ་བཤད་དོ།། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། ཁྱིམ་བདག་དཔའ་སྦྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དགྲ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ
314a6 ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང
314a7 རྒྱ་བར་འདོད་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ། ཀུན་ཏུ་བསྟན་པར་བྱ། ངེས་པར་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ།། ཁྱིམ་བདག་རྣམས་བྱང་ཆུབ




iiif viewer powered by OpenSeadragon

313b - 314b

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo