| | e-texts navigator
|
312b1 འབྱུང་བ་རྙེད་པར་དཀའ། མིར་སྐྱེ་བརྙེད་པར་དཀའ། རལ་བ་སུམ་སུམ་ཚོགས་པ་རྙེད་པར་དཀའ། དེ་བཞིན་གཤེགས་པའི་བསྟན་པ་ལ་རང་བ་རྙེད་པར་དཀའ། རབ་དུ་འབྱུང་བ་རྙེད་པར་དཀའ། དགེ
312b2 སྐྱོང་གི་དངོས་པོ་རྙེད་པར་དཀའ། ནན་ཏན་བྱེད་པ་རྙེད་པར་དཀའ། སེམས་ཅན་གང་དག་བྱས་པ་གཟོ་ཞིང་། བྱས་པ་ཤེས་ལ། གང་དག་བྱས་པ་ཆུང་ངུའང་ཆུང་མི་གཟོན་ན།། མང་པོ་ལྟན
312b3 སྨོས་ཏེ། དེ་དག་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཡིད་ཆེས་པ་དེ་དག་ཆེས་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི
312b4 བསྟན་པ་ལ་ཡིད་ཆེས་ནས། ནན་ཏན་གྱིས་སྒྲུད་པ་ཆེས་རྙེད་པར་དཀའ། དེ་བས་ཀྱང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་མཛེས་པ་དེ་དག་ཆེས་རྙེད་པར་དཀའ། འཁོར་བ་ལས་གྲོལ
312b5 བརྙེད་པར་དཀའ་ན། ཅི་བདག་ཅག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བ་འམ། འོན་ཏེ་རང་སངས་རྒྱས་ཀྱི་ཐེག་པས་སམ། འོན་ཏེ་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་བྱ
312b6 ངན་ལས་བཟླ་བར་བྱ་ཞེས་འཐུན་པར་འདུས་ཏེ། འཁོད་པ་དེ་དག་ཐམས་ཅད་དེ་ལྟ་བུའི་དཔྱོད་པ་སྐྱེས་ནས། བདག་ཅག་ཐེག་པ་ཆེན་པོ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་བཛྲ་དར་བྱ་བ་ནི་མཆོག་ཡིན་གྱི།
312b7 ཉན་ཐོས་ཀྱི་ཐེག་པས་ནི་མ་ཡིན། རང་སངས་རྒྱས་ཀྱི་ཐེག་པས་ནི་མ་ཡིན་ནོ་སྙམ་མོ།། དེ་ནས་ཁྱིམ་བདག་དཔའ་སྦྱིན།། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ།
iiif viewer powered by OpenSeadragon
312a - 313a