e-texts navigator
Collection
Volume
Page
Wylie

312a1 པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ།། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ།། གླང་པོ་ཆེན་པོ།། བྱ་བ་བྱས་པ་བྱེད་པ་བྱས་པ། ཁུར་བོར་བ།། བ་།
312a2 གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། མངོན་པར
312a3 ཤེས་པ། མངོན་པར་ཤེས་པ་ཤ་སྨུག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཐམས་ཅད་ཀྱང་གཟུངས་ཐོང་བ། ཏིང་ངེ།
312a4 འཛིན་ཐོབ་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། རེའི་ཚེ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན། ཁྱིམ་བདག་དཔའ་སྦྱིན་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ། བདག་དངང་བ་མང་བ།
312a5 ནོར་དང་ཡོ་བྱད་མང་བ། ནོར་དང་། འབྲུ་དང་། མཛོད་དང་། བང་བའི་ཚོགས་མང་བ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་ར་ལུག་དང་། བ་གླང་མང་བ། ཟན་པོ་དང་། ཟ་མོ་དང་། ལས་བྱེད
312a6 བ་དང་། ཞོ་ཤས་འཚོ་བ་མང་བ། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྻ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། ས་ལེ་སྦྲུམ་དང་། དངུལ་མང་བ་ཞིག་གནས་པདེ།
312a7 ཁྱིམ་བདག་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་འདུས་ཏེ་འདུག་པར་གྱུར་ཏོ།། དེ་དག་འདུས་ཏེ་འཁོད་པའི་ཚེ། བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་དོ།། ཀྱེ་གྲོགས་པོ་དག་སངས་རྒྱས




iiif viewer powered by OpenSeadragon

311b - 312b

Texts on this page

Ty017-010 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo