e-texts navigator
Collection
Volume
Page
Wylie

300a1 གནོད་པ་བགྱིད་པའི་སླང་དུ་རྒྱལ་སྲིང་འཁྲུག་ཅིང་བདག་ཉིད་ཀྱང་ནི་འདོར་བགྱིད་པ།། དེ་ནི་འདྲི་ན་འཇིག་རྟེན་མི་སྲུང་ཡོན་ཏན་ཆུང་དྲ་དག་ལ་མཆོག་ཏུ་འཛིན།། དེ་ཕྱིར་འདི་ནིད་དེ་ལ་རྟག་ཏུ་ཆོས
300a2 འདོད་རྣམས་ནི་དངུལ་པོ་ལགས་པར་སེམས།། གང་ཞིག་བྱམས་པ་རབ་ཏུ་བསྒོམས་ཏེ་སེམས་ཅན་རྣམས་ལ་ཟ་བ་མ་མཆིས་ཤིང་།། རྟག་པར་རྒྱུན་དུ་ངན་ངོན་ཙམ་གྱིས་ཆོག་པར་འཛིན་ཅིང་འདོད་པ་མ་མཆིས་ལ།
300a3 ཉམ་ཐག་མཐོང་ན་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤར་གཉེར་བགྱིད་པ་མ་མཆིས་པ།། དེ་ནི་ཕྱུག་ཅིང་ནོར་བཟང་ཤིན་ཏུ་ནོར་ཆེ་དང་པ་ལ་སོགས་ལོངས་སྤྱོད་གནས།། གང་ཞིག་འཚེ་བ་འདི་ན་དབང་ཕྱུག་རྒྱ་ཆེན་ལྡན་ལ་ཆོས
300a4 སྲུང་མི་བགྱིད་དང་།། གང་ཞིག་འདི་ན་སྐྱེ་བོ་དམན་ཞིང་སྡུག་བསྔལ་གཟིར་བ་བཟུང་ནས་ཆད་པས་གཅོད།། གང་ཞིག་ཆུང་མ་དག་གིས་མདུན་བལྟས་དགའ་ཞིང་འཇིག་རྟེན་ཕ་རོལ་མི་ལྟ་བ།། དེ་ནི་ཆོས་སྲུང་མི་བགྱིད
300a5 ཤིན་ཏུ་དངུལ་ཞིང་དམན་པའི་མི་ཞེས་རིག་པར་བགྱིད།། དད་པས་བསམས་པ་དྲི་མ་མེད་ཅིང་རང་རྟེན་ཚུལ་ཁྲིམས་དག་ལ་ཡང་དག་གནས།། རྟག་ཏུ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཐོས་པ་འཛིན་ཏེ་གཏོར་ལ་དགའ་བ་དང་།
300a6 ཤེས་རབ་ཀྱི་ནི་མཐར་ཕྱིན་བློ་གྲོས་ལྡན་ཞིང་འཇིག་རྟེན་ཀུན་ལ་ལྟ་བགྱིད་པ།། དེ་དག་རྟག་ཏུ་མི་དབུལ་ཐོབ་ཅིང་ཆོས་འདོད་རྣམས་ཀྱིས་མཆོད་པར་འོས་པ་ལགས།། གང་དག་ལོངས་སྤྱོད་རྣམས་ལ་རབ་ཆགས
300a7 བདེ་ལ་དགའ་ཞིང་གཏོང་བ་མ་མཆིས་ལ།། ལུས་དང་སྲོག་ལ་སྙིང་པོར་འཛིན་ཅིང་རྟག་པར་སྙིང་པོ་དོན་དུ་མི་གཉེར་དང་།། གང་དག་གླང་ཆེན་མྱོས་པ་ལྟ་བུར་རྟག་ཏུ་ཡོད་མྱོས་རྣམ་པར་རྒྱུ་བ་དང་།། ལྷན་ཅིག།




iiif viewer powered by OpenSeadragon

299b - 300b

Texts on this page

Ty017-009 - 'phags pa nges pas zhus pa zhes bya ba theg pa chen po'i mdo