e-texts navigator
Collection
Volume
Page
Wylie

297b1 སྨིག་རྒྱུ་ལྟ་བུར་མཐོང་ངོ་།། ཁྱེད་ཙན་དན་གྱི་ལྡེ་གུས་བྱུགས་པ་ནི་པགས་པ་རློད་པ་ཤས་ཡོག་པ་ལྟ་བུར་མཐོང་ངོ་།། ཁྱེད་ཀྱི་རྒྱན་དང་ལྤང་ལྷུབ་ནི་མིག་སྲུ་བའི་སྒྱུ་མ་བྱས་པ་ལྟ་བུར་མཐོང་ངོ་།། ཁྱེད་ཀྱི་ལང་།
297b2 ནི་མི་རྟོག་པ་དང་འགྱུར་བའི་ཆོས་ཅན་མཐོང་ངོ་།། བསོད་ནམས་མ་ཡིན་པར་མཐོང་བའི་ཕྱིར་ཁྱེད་གཉིས་ལ་ཁོ་བོ་མ་ཆགས་སོ།། ཁྱེད་གཉིས་ནི་སྤྲེའུ་དང་བུད་མེད་ཀྱི་སེམས་ལྟ་བུར་གྱུར་པ་རྣམས་ཀྱི་བསྙེན་བཀུར
297b3 བྱེད་པ་ཡིན་གྱི། སེམས་དྲན་པས་ཀུན་ནས་སྲུང་བ་དག་གི་ནི་མ་ཡིན་ནོ།། ཆེ་ཞེ་དག་འདོད་པ་ལ་རྟེན་པ་ནི་མི་སྡུག་པའོ།། འདོད་པ་ལ་རྟེན་པ་དེ་ནི་དྲི་ང་བའོ།། འདོད་པ་ལ་རྟེན་པ་ནི་རུལ་བའོ།། འདོད་པ་ལ་རྟེན
297b4 བ་ནི་ཤིན་ཏུ་སྡུག་བསྔལ་བའོ།། འདོད་པ་ལ་རྟེན་པ་ནི་བདེ་བ་ཐམས་ཅད་ཡོངས་སུ་འགྲིབ་པར་བྱེད་པའོ།། འདོད་པ་ལ་རྟེན་པ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་རྟེན
297b5 པའོད་འདོད་པ་ལ་རྟེན་པ་ནི་ངན་འགྲོ་ན་གནས་པའོ།། འདོད་པ་ལ་རྟེན་པ་ནི་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དག་ལ་རྟེན་པའོ།། འདོད་པ་ལ་རྟེན་པ་ནི་མི་མཐུན་པ་དང་གོ་ར་ན་གནས་པའོ།། འདོད་པ་ལ་རྟེན
297b6 པ་ནི་ཕྱིན་ཅི་ལོག་སྐྱེད་པའོ།། འདོད་པ་ལ་རྟེན་པ་ནི་སྲིད་པའི་བག་ལ་ཉལ་ལ་གནས་པའོ།། འདོད་པ་ལ་རྟེན་པ་ནི་རྣམ་པར་རྨོངས་ཤིང་ཤིན་ཏུ་རྨོངས་ལ་ཀུན་ཏུ་རྨོངས་པའོ།། འདོད་པ་ལ་རྟེན་པ་ནི་ཉེ་བར་གཟེར་ཅིང་རྣམ
297b7 པར་གཟིར་ལ་ཀུན་ཏུ་གཟིར་བའོ།། འདོད་པ་ལ་རྟེན་པ་ནི་ཀུན་ཏུ་གདུངས་ཤིང་རྣམ་པར་གདུངས་ལ་ཡོངས་སུ་གདུངས་པའོ།། འདོད་པ་ལ་རྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་དགེ་བ་ཡོངས་སུ་ཉམས་པར་བྱེད




iiif viewer powered by OpenSeadragon

297a - 298a

Texts on this page

Ty017-009 - 'phags pa nges pas zhus pa zhes bya ba theg pa chen po'i mdo