e-texts navigator
Collection
Volume
Page
Wylie

295a1 ཅིང་གནོད་སེམས་མི་སྐྱེད་དོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་གཞན་དག་ཅིག་ཏུ་སྤྲུལ་ནས་ངེས་པ་དེའི་མདུན་དུ་བཞག་སྟེ། ངེས་པ་དེ་ལ་དགའ་བའི་ཚིག་གིས་ཁོ་བོ་ཅག་ནི་ཁྱོད་ཀྱི་དོན་བྱེད
295a2 པར་འདོད་པ་ཡིན་གྱིས། ཇི་སྟེ་ཁྱོད་འདོད་པ་ལྟ་ན། ཁྱོད་ལ་སྡིག་པའི་དགྲ་གང་ཡིན་པ་དེ་དག་ཁོ་བོ་ཅག་གིས་ཚར་གཅོད་པར་བྱའོ་ཞེས་སྨྲས་སོ།། ངེས་པས་སྨྲས་པ། གྲོགས་པོ་དག་ཐོང་།། དེ་སྐད་མ་ཟེར་ཅིག། གལ་ཏེ་མི
295a3 འདི་དག་གིས་ཁོ་བོའི་ལུས་དུམ་བུ་བརྒྱར་དུམ་བུ་དུམ་བུར་གཏུབས་སུ་ཟིན་ཀྱང་། ཁོ་བོ་ནི་མི་འདི་དག་ལ་སྡིག་པའི་སེམས་མི་སྐྱེད་དེ། གྲོགས་པོ་དག་འཇིག་རྟེན་དག་ནི་དགེ་བ་དང་། མི་དགེ་བའི་ཕྱོགས་གཉིས་ལ་གནས་ལ།
295a4 དེའི་འགྲོ་བ་ནི་གཉིས་ཁོ་ན་སྟེ། དགེ་བའི་ཕྱོགས་ཀྱི་ནི་བདེ་འགྲོའོ།། མི་དགེ་བའི་ཕྱོགས་ཀྱི་ནི་ངན་འགྲོའོ།། དེ་བས་ནི་ཁོ་བོ་ནི་སེམས་ཅན་ཕ་རོལ་ཚིག་པ་ཟ་བར་བྱེད་པའང་མི་འདོད་ན། གཙེ་བ་ལྟ་ཅི་སྨོས། དེ་ནས་དེའི་ཚེ
295a5 ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ས་བོན་ཚ་བ་རྣམས་ཀྱི་ནི།། འབྲས་བུ་ཚ་བ་སྐྱེ་བར་འགྱུར།། ས་བོན་མངར་བ་རྣམས་ཀྱི་ནི།། འབྲས་བུ་མངར་བསྐྱེ་བར་འགྱུར།། དཔེ་ཟླར་བྱས་པ་འདི་ཡིས་ནི།། སྡིག་པའི་རྣམ་སྨིན་ཚ་བ་དང་།།
295a6 དཀར་པོའི་འབྲས་བུ་མངར་པ་ཡང་།། མཁས་པའི་མིས་ནི་ཤེས་པར་འགྱུར།། རྟག་ཏུ་ལུས་དང་ངག་ཡིད་ཀྱིས།། སྡིག་པ་རྣམ་གསུམ་མི་བྱ་ཞིང་།། གཞན་དག་བྱེད་ཀྱང་མཁས་པ་ཡིས།། རྗེས་སུ་དགའ་བར་མི་བྱའོ།། ལུས་དང་།
295a7 ངག་དང་ཡིད་རྣམས་ཀྱི།། དཀར་པོ་རྣམ་གསུམ་རྟག་ཏུ་བྱ།། གང་དག་དགེ་བ་སྤྱོད་བྱེད་པ།། གཞན་དག་ལ་ཡང་ཡིད་རང་བྱ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན། ངེས་པ་ལ་དབྱིག་དང




iiif viewer powered by OpenSeadragon

294b - 295b

Texts on this page

Ty017-009 - 'phags pa nges pas zhus pa zhes bya ba theg pa chen po'i mdo