e-texts navigator
Collection
Volume
Page
Wylie

293b1 ཤེས་རབ་སྐྱེད་པར་འདོད་པ་དང་། མི་སྐྱོབ་པའི་ཤེས་རང་སྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་ཤེས་རབ་ཡང་དག་པར་སྐྱེད་པར་འདོད་པ་དང་། མི་སློབ་པའི་ཤེས་རབ་ཡང་དག་པར་སྐྱེད་པར་འདོད་པ་དེ་ནི། ཤེས་རབ་རིག་པ
293b2 དང་ཡེ་ཤེས་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། དེ་ནི་དམ་པ་ཡིན་པའི་ཕྱིར་རོ།། ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ། ཡིད་བདེ་བ་དང་ལྡན་ཞིང་ཚོགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་གྱུར
293b3 དུ་སྐྱེན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར
293b4 རྫོགས་པར་འཚང་རྒྱའོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཐེག་པ་གསུམ་དང་མཐོ་རིས་སུ་སྐྱེ་བའི་དོན་བྱས་པར་གྱུར་ཏོ།། བཅོམ
293b5 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་།
293b6 དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ངོ་།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་མངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ལག
293b7 བཟངས་ཀྱིས་ཞུས་པའི་ལེའུ་ཞེས་བྱ་སྟེ། འདུས་པ་ཉི་ཤུ་རྩ་དྲུག་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། ཛིན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙ་བབན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ན




iiif viewer powered by OpenSeadragon

293a - 294a

Texts on this page

Ty017-008 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo