| | e-texts navigator
|
292b1 བ་ན་སྔོན་ལམ་མཐའ་ཡས་གང་བ།། སྨྲེ་དང་སྐྱེ་བར་དཀོན་མཆོག་གསུམ་པོ་ལ།། བདག་ནི་ཡོངས་སུ་སྤྱད་པ་བགྱིད་པར་ཤོག། འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ཀྱི།། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས
292b2 དཔའ་ལ།། ནམ་མཁའ་མཉམ་པའི་ལྷ་ཡི་སྤོས་མཆོག་དང་།། འཕྲེང་བ་མེ་ཏོག་ཆུན་པོས་མཆོད་བྱེད་ཤེག། ལྷུན་པོ་མཉམ་པའི་གསེར་དང་དངུལ་རེག་དང་།། གོས་དང་རིན་པོ་ཆེ་ཡི་ཕུང་པོ་དང་།། གཞལ་མེད་ཁང་བཅས་བཞོན
292b3 དང་མལ་ཆ་དང་།། བཟའ་བ་མཐའ་ཡས་དག་ནི་སྦྱིན་པར་ཤོག། འགྲོ་བའི་བསམ་པ་ལམ་གྱི་རྫོགས་བྱེད་ཅིང་།། སྐྱབས་དང་ལུས་དང་པ་འདྲར་མྱུར་པར་ཤོག། བཟོད་ལ་དགའ་ཞིང་ཚུལ་ཁྲིམས་གཙང་བ་དང་།། གྲོལ
292b4 ཆོས་ནི་རབ་ཏུ་སྟོན་གྱུར་ཅིག། བྱང་ཆུབ་ཐེག་པ་མཆོག་ནི་རྙེད་པ་དང་།། དཀོན་མཆོག་གསུམ་ཕྱིར་གོ་ཆ་སྲ་པ་བགོ།། ཕ་རོལ་ཕྱིན་པ་ཡོངས་སུ་རྫོགས་བྱེད་ཅིང་།། སངས་རྒྱས་ཆོས་རྣམས་ཡོངས་སུ་རྫོགས་བྱེད་ཤོ།
292b5 སྡིག་པ་ཀུན་དང་བྲལ་ཞིང་ལུས་ངག་དང་། ཡིད་ཀྱི་ལས་མཐའ་དགེ་བ་མཆོག་གྱུར་ཅིག། བྱང་ཆུབ་ལས་ནི་མི་ལྡོག་བདག་འགྱུར་ཞིང་།། བྱང་ཆུབ་དགའ་དང་བྱང་ཆུབ་སེམས་དཔའ་གྱུར།། སྲིད་དང་སྲིད་པར་བྱང་ཆུབ
292b6 སེམས་དཔའ་དང་།། སངས་རྒྱས་རྣམས་ཀྱི་དགེ་བ་ཀུན་ལ་སློབ།། བདག་གིས་ཆོས་རྣམས་དེ་དག་ཀུན་ལ་ཡང་།། འཇིག་རྟེན་ཐམས་ཅད་རབ་ཏུ་དགོད་པར་བགྱི། དེ་དེ་ལྟར་བདག་དང་གཞན་དག་གིས
292b7 དགེ་བའི་རྩ་བ་བསགས་པ་རབ་ཏུ་ཤེས་སོ།། དེ་ཤེས་རབ་དེ་དང་ཡེ་ཤེས་དེ་མངོན་སུམ་དུ་བྱ་བར་འདོད་པ་དང་། ཡིད་ལ་བྱ་བར་འདོད་པ་ནའང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་སྒྲོལ་བ་དང་།
iiif viewer powered by OpenSeadragon
292a - 293a