e-texts navigator
Collection
Volume
Page
Wylie

292a1 རྣམས་གང་ཡིན་པ།། དེ་དག་འཇིག་རྟེན་རྣམས་ལ་ཕན་གྱུར་ཅིག། འགྲོ་བ་ལྔ་ཡིས་སེམས་ཅན་ཐམས་ཅད་དག། བྱུང་དང་བྱུང་གྱུར་འབྱུང་བར་འགྱུར་རྣམས་ཀྱི།། དགེ་བདག་ལ་བདག་ནི་ཕྱི་ཕྱིར་ཞིང་།
292a2 མགོ་བོས་མཐའ་ཡས་རྗེས་སུ་ཡི་རང་ངོ་།། ཡོན་ཏན་ཡང་དག་དགེ་བ་མཐའ་ཡས་པ།། དེ་དག་ཐམས་ཅད་འགྲོ་བ་མ་ལུས་པས།། སེམས་ཅན་དེའི་དང་ནི་བདག་ཉིད་ལའང།། ཡོད་པར་བདག་ནི་སྨོན་ལམ་མཐའ་ཡས་འདབས།།
292a3 བདག་གི་དགེ་བདག་ནི་འདས་པ་དང་།། མ་འོངས་པ་དང་ལྟར་ཐམས་ཅད་ཀྱིས།། འཇིག་རྟེན་ངག་གི་ཁམས་ནི་ཐམས་ཅད་དུ།། དཀོན་མཆོག་གསུམ་པོ་རྟག་ཏུ་འབྱུང་བར་ཤོག། དཀོན་མཆོག་རྣམས་དང་བྱང་ཆུབ་སེམས་དཔའ་རྣམ
292a4 བསྐལ་པར་བཞུགས་པས་འཕོངས་པར་མ་གྱུར་ཅིག་གབར་དུ་གཅོད་པ་མེད་པར་བྱང་ཆུབ་དང་།། ཕ་རོབ་ཕྱིན་པ་རྣམས་ནི་རྫོགས་པར་ཤོག། སེམས་ཅན་དག་ནི་ཐམས་ཅད་བདེ་བ་དང་།། འཇིགས་པ་མེད་ཅིང་ངན་འགྲོ་འདས་པ
292a5 དུང་མི་གེ་ཐམས་ཅད་ད་ནིཟིལ་བ་དང་།། གེ་པའི་རྩ་བ་ཐམས་ཅ་རྫོགས་གྱུར་ཅིག། ཐེག་པ་གསུམ་པོ་དག་ལ་གི་རིགས་པར།། དེ་དག་པ་ནི་སྔོན་ལམ་མམ་ཆིན་ཅིག།། ཚེ་བྱ་དང་རྣམ་པར་ཚོལ་བ་ང་།། རྒྱང་པ
292a6 དོན་ཀུན་རྫོགས་པར་ཤོག། རྫོགས་པའི་བྱང་ཆུབ་སྨོན་ལམ་འདེབས་པ་མ། མཐའ་ཡས་དཔག་ཏུ་མེད་པར་རབ་ཏུ་འདེབས།། སེམས་ཅན་ཐམས་ཅད་དག་གི་སྡུག་བསྔལ་དང་།། ཉོན་མོངས་དག་ནི་ཉེ་བར་ཞི་མྱུར་ཅིག། ཆོས་དང
292a7 ལྡན་པའི་བྱ་བ་རྣམས་ཀྱི་ཕྱིར།། འཇིག་རྟེན་དག་ག་ཁམས་རྣམས་ཐམས་ཅར་གྱི།། རྒྱལ་བཀུན་དང་བྱང་ཆུབ་སེམས་དཔའ་ལ།། རང་གི་ལུས་མིས་པར་དབུལ་བར་བགྱི།། རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བར་དུ།། མངོན




iiif viewer powered by OpenSeadragon

291b - 292b

Texts on this page

Ty017-008 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo