e-texts navigator
Collection
Volume
Page
Wylie

291a1 དོ།། མང་དུ་བྱེད་དོ།། དེ་དགེ་བ་གང་ཅི་སྤྱོད་ཀྱང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་མེད་པར་བྱ་བ་དང་། ངན་འགྲོའི་རྒྱུད་གཅོད་པ་དང་། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱང་དང་།
291a2 ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། ཉན་ཐོས་ཀྱི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་ཉན་ཐོས་ཀྱི་ཐེག་པ་ཡོངས་སུ
291a3 རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། རང་སངས་རྒྱས་ཀྱི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། བྱང་ཆུབ
291a4 སེམས་དཔའི་ཐེག་པ་ཅན་ད་ལྟར་བྱུང་བ་དང་། མ་འོངས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཐེག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ
291a5 གཏོགས་པ་འདས་པ་དང་། མབྱོན་པ་དང་། ང་ལྟ་བྱུང་བ་རྣམས་བསྐལ་པར་བཞུགས་པ་དང་། བསྐལ་པར་ཆོས་སྟོན་པ་དང་། བསལ་བར་དགེ་འདུན་མཐུན་པར་འགྱུར་བར་ཡོངས་སུ་སྔོ་བར་བྱེད་དོ།། མཛེ་རིས་ཀྱི་ལམ་ལ
291a6 དགོདང་པ་འམ། ཉན་ཐོས་ཀྱི་ལམ་ལ་དགོང་བའམ། རང་སངས་རྒྱས་ཀྱི་ལམ་ལ་དགོད་པ་འམ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་དགོད་པ་འམ། སྦྱིན་པས་རྗེས་སུ་འཇུག་པ་འམ། སྙན་པར་སྨྲ་བས་རྗེས་སུ་འཇུག་པ་འམ། དོན
291a7 པས་རྗེས་སུ་འཇུག་པའམ། དོན་མཐུན་པས་རྗེས་སུ་འཇུག་པ་འམ། ཇི་ལྟ་ཇི་ལྟར་གཞན་དས་དགེ་བའི་ཕྱོགས་ཡང་དག་པར་སྐྱེད་ཅིང་དགེ་བའི་རྩ་བ་སོགས་པར་འགྱུར་བ་དེའང་རབ་ཏུ་ཤེས་སོ།། དེ་ཆོ




iiif viewer powered by OpenSeadragon

290b - 291b

Texts on this page

Ty017-008 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo