e-texts navigator
Collection
Volume
Page
Wylie

290b1 སྨོན་པ་ནི་སེམས་ཅན་ཐམས་ཅད་བསྔལ་བ་དང་། སེམས་ཅན་ཐམས་ཅད་སྒྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོད་པར་བྱང་དང་། སངས་རྒྱས་ཀྱི་ཆོས་ཐམས།
290b2 ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། དེ་བཞིན་དུ་སྐྱབས་སུ་འགྲོ་བ་ནའང་སེམས་བསྐྱེད་དོ།། དེ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། ཁྲུས་བྱེད་པ་དང་།
290b3 ང་བ་དང་། འཐུང་བ་དང་། ཞིང་རྨེད་པ་དང་། ས་བོན་འདེབས་པ་དང་། ལས་ཐམས་ཅད་བྱེད་པ་ནའང་མཐའ་ཡས་ཤིང་དངབ་ཏུ་མེད་པར་བྱང་ཆུབ་ཏུ་སྨོན་ལམ་གདང་བར་བྱའོ་ཞེས་སེམས་བསྐྱེད་དོ།།
290b4 མང་དུ་བྱེད་དོ།། སྙོམས་པར་འཇུག་པ་དང་། བསམ་གཏན་བྱེད་པ་ནའང་སེམས་ཅན་ཐམས་ཅད་བསྒྲལ་པ་དང་། སེམས་ཅན་ཐམས་ཅད་སྒྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད
290b5 མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མཐའ་ཡས་ཤིང་དཔག་ཏུ་མེད་པར་བྱང་ཆུབ་ཏུ་སྨོན་ལམ་བདབ་བོ་ཞེས་སེམས་བསྐྱེད་དོ།། མང་དུ་བྱེད་དོ།།
290b6 ཐམས་ཅད་མཁྱེན་པ་ཉིད་དང་། འཇིག་རྟེན་ཐམས་ཅད་ཀྱི་མཆོག་དང་། སེམས་ཅན་ཐམས་ཅད་གདུལ་བ་དང་། མཚུངས་པ་མེད་པ་དང་། མི་མཉམ་པ་དང་མཉམ་པ་དང་། འཇིག་རྟེན་ཐམས་ཅད་དབུགས་ད
290b7 དང་འཇིག་རྟེན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བརླ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤོར་ལམ་གདང་བ་ཞེས་སེམས་རྒྱད།




iiif viewer powered by OpenSeadragon

290a - 291a

Texts on this page

Ty017-008 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo