| | e-texts navigator
|
73a1 བདག་ཅག་འོང་ངོ་ཞེས་སྒྲ་གྲགས་པར་གྱུར་ཏོ། ། དེ་ནས་ཀུན་དགའ་བོ་དང་འཁོར་དེ་དག་ཐམས་ཅད་ཀྱིས་ཞུས་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།
73a2 ཇི་ལྟར་གཟུང་བར་བགྱི། བཀའ་སྩལ་པ། མདོ་འདིའི་མིང་ནི་ཆོས་ཀྱི་སྤྱི་བོ་ཞེས་ཀྱང་བྱ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྙིང་པོ་ཞེས་ཀྱང་བྱ། དྲི་མ་མེ་པའི་འོད་ཀྱིས་ཞུས་པ་ཞེས་ཀྱང་བྱའོ།། དེ་ནས
73a3 བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ངེས་ཆོས་གང་བཤད་པ་དེ་དག་ཐམས་ཅད་མདོ་འདི་ཉིད་ཀྱི་ནང་དུ་འདུས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང
73a4 ཆུབ་སེམས་དཔའ་དེ་དག་དང་། ཚེ་དང་ལྡན་པ་དགའ་བོ་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན
73a5 པར་བསྟོད་དོ། ། ཐེག་པ་ཆེན་པོའི་མདོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་ཞེས་བྱ་བ་རྫོགས་སོ།། ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་འདི་ཤིན་ཏུ་དག་པར་ཡོད་པས་ཡིད་ཆེས་ཀྱི
73a6 གནས་སོ། ། གཞན་འཁྲུགས་ཆད་ཡོད་པ་མང་བར་སྣང་སྟེ། གླེགས་བམ་མང་དུ་བཟླས་སོ།། @རྒྱ་གར་སྐད་དུ། ཨཱརྱ་ས་བ་ལོ་ཀི་ཏེ་ཤྭ་རཱ་ཧ་ཡ་གྲཱི་བ་དྷ་ར
73a7 ཎེ་བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གྲཱི་བའི་གཟུངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏ་ཤཱ
iiif viewer powered by OpenSeadragon
72b - 73b