| | e-texts navigator
|
71a1 ཏོ། ། ནུ་སྡུག་ཇི་ལྟར་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པའི་ཚེའོ་བུ་ཅག་གཉིས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་ནས། དེར་དེ་སྐད་དུ་ཕྱོགས་བཅུན་སེམས
71a2 ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་གིས་སྐྱབས་བྱེད་པར་གྱུར་ཅིག། དེ་སྐད་ཅེས་སྨོན་ལམ་བཏབ་པའི་དུས་དེ་དྲན་པར་གྱིས་ལ། ད་ངའི་ལི་ཡུལ་འདི་དང་། ལྷ་མོ་དྲི་མ་མེད
71a3 པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་གཏད་པ་འདི་ཁྱོད་ཀྱིས་ལོང་ཞིག། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། ནམ་མཁའི་སྙིང་པོ་དང་། མཐུ
71a4 ཆེན་ཐོབ་དང་། སྨན་གྱི་རྒྱལ་པོ་དང་། རབ་སྦྱིན་དབང་པོ་དང་། སའི་སྙིང་པོ་དང་། བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྔོན་འདིའི་ཕུ་ནུ
71a5 པོ་དང་། གྲོགས་སུ་གྱུར་པ་དང་། རྟག་ཏུ་འགྲོགས་འགྲོགས་པ་ནི་འདི་དག་ཡིན་ཏེ། སྣ་ཚོགས་ཀྱི་ལྷ་དང་། དབང་ཕྱུག་གི་ལྷ་དང་། ལྗོན་ཤིང་གི་དབང་ཕྱུག་རྒྱལ་པོ་དང་། སྙིང་རྗེའི་དབང་ཕྱུག་དང་། གཟུགས་ཀྱི
71a6 དབང་ཕྱུག་དང་། སྤོང་བའི་དབང་ཕྱུག་དང་། འོད་ཀྱི་དབང་ཕྱུག་དང་། དྲིའི་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་། འཇིག་རྟེན་གྱི་དབང་ཕྱུག་དང་། འོད་གསལ་དང་། རིགས་ཀྱི་དབང་ཕྱུག་རྣམས་སོ།། དེ
71a7 ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་དག་ཁྱེད་ཀྱིས་ངའི་ཐེག་པ
iiif viewer powered by OpenSeadragon
70b - 71b