| | e-texts navigator
|
33a1 དུས་གསུམ་དུ་བཟླས་བརྗོད་བགྱི། དུས་གསུམ་དུ་ཁྲུས་བགྱི། དུས་གསུམ་དུ་གོས་བརྗེ་བར་བགྱིའོ།། དེ་ནས་ཚེས་བཅོ་ལྔ་ལ་མཆོད་པ་ཆེན་པོ་བགྱིས་ཏེ་བཟླས་བརྗོད་དཔས
33a2 ཏུ་མ་མཆིས་པར་བགྱིའོ། ། འོན་ཏང་ནམ་གྱི་གུང་ཐུན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་ཁ་དོག་གི་ལུས་དང་ལྡན་པ། མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ
33a3 དང་། ལུས་ལས་འོད་ཟེར་བྱེ་བ་སྟོང་འབྱིན་ཅིང་མཆི་བར་འགྱུར་རོ།། དེ་ལ་རིག་སྔགས་འཆང་གིས་སྐྲག་པར་མི་བགྱིད་ཅིང་བརྟན་པར་བགྱིས་ན་མཐོང་མ་ཐག་ཏུ་ས་ཐོབ་པར་འགྱུར་རོ།། གཟུངས།
33a4 དང་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ།། ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་མཐོང་བར་འགྱུར་རོ།། ལྷོ་ཕྱོགས་སུ་རིན་ཆེན་ཏོག་དང་། ནུབ་ཕྱོགས་སུ་འོད་དཔག་མེད་དང་། བྱང
33a5 ཕྱོགས་སུ་དེ་བཞིན་གཤེགས་པ་རྔ་སྒྲ་མཐོང་བར་འགྱུར་རོ། ། དེ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་དག་རགས་པའི་ཚུལ་གྱིས་མཐོང་བར་འགྱུར་རོ།། འདི
33a6 ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམསུ་སྐྱེ་བར་འགྱུར་ཏེ། ཐམས་ཅད་དུའང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ
33a7 ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་།
iiif viewer powered by OpenSeadragon
32b - 33b