| | e-texts navigator
|
126b1 ལྡན་དགེ་མ་གཟི་ཆེན་མ། ། འཇིག་རྟེན་མ་མ་གྲགས་ཆེན་མོ།། དབྱངས་ཅན་སྤྱན་ནི་དཀྱུས་རིང་ལ།། བློ་དཔལ་ཤེས་རབ་འཕེལ་མཛད་མ།། སྭཱ་ཧཱ་བརྟན་ཕྱིར་རྒྱས་སྦྱིན་ཞིང་།། འདོད་པའི
126b2 གཟུགས་ཅན་ཡི་གེ་ཨོཾ། ། སེམས་ཅན་ཀུན་ལ་ཕན་བརྩོན་ཞིང་།། གཡུལ་ལས་སྒྲོལ་བར་མཛད་པ་མོ།། ལྷ་མོ་ཤེས་རབ་ཕ་རོལ་ཕྱིན།། འཕགས་མ་སྒྲོལ་མ་ཡིད་འོང་མ།། རྔ་ཆེན་དུང་གི་སྒྲ
126b3 སྒྲོག་ཅིང་། ། རིག་སྔགས་རྒྱལ་མོ་སྤྱན་སྨྲ་མོ།། ཟླ་བའི་ཞལ་ཅན་དཀར་མོ་ཆེ།། མི་ཐུབ་ན་བཟའ་སེར་མོ་བསྣམས།། སྒྱུ་འཕྲུལ་ཆེན་མོ་དཀར་མོ་ཆེ།། སྟོབས་ཆེན་ཕ་རོལ་གནོན་པ་མོ།། ནག་མོ
126b4 ཆེན་མོ་གཏུམ་པ་ཆེ། ། གདུག་པའི་སེམས་ཅན་འདུལ་བ་མོ།། རབ་ཏུ་ཞི་ཞིང་ཞི་བའི་སྐུ།། རྣམ་རྒྱལ་འབར་བའི་འོད་ལྡན་མ།། གློག་འཕྲེང་རྡོ་རྗེ་འཁོར་ལོ་དང་།། གཞུ་དང་མདའ་ཡི་ཕྱག་མཚན
126b5 ཅན། ། ནག་མོ་གནོན་དང་སྡོམ་བྱེད་ཅིང་།། མཚན་མོ་ནག་མོ་མཚན་སྤྱོད་མ།། སྲུང་མཛད་རྨོངས་མཛད་ཞི་མཛད་མ།། འཛེས་མ་དགེ་མ་འགྲོ་ལྡིང་མ།། བྲམ་ཟེ་མོ་སྟེ་རིགས་བྱེད་ཡུམ།། ཟབ་མའི
126b6 ཕུག་ན་བཞུགས་པ་མོ། ། ཞི་བ་བཀྲ་ཤིས་རི་ཁྲོད་མ།། རིག་པ་བསྐྱེད་ཅིང་ཡིད་ལྟར་མགྱོགས།། ཐོད་པ་ཅན་ཏེ་ཤུགས་ཆེན་ཞིང་།། གཞན་གྱིས་མི་ཐུབ་དུས་བདེན་མ།། དེད་དཔོན་སྙིང་རྗེས་གནོན་པ
126b7 མོ། ། ལམ་བརྒྱད་སྟོན་པར་མཛད་མ་སྟེ།། མཆོག་སྦྱིན་སྟོན་མཛད་བསྟན་ཆོས་ལྡན།། མ་ཕམ་བུད་མེད་གཟུགས་ཀྱིས་གནོན།། གྲུབ་པ་རྣལ་འབྱོར་རི་ཁྲོད་མ།། གཏུམ་མོ་བདུད་རྩི་རྟག་པ་མོ།།
iiif viewer powered by OpenSeadragon
126a - 127a