| | e-texts navigator
|
123b1 པདྨ་ལགས། ། པདྨའི་མདོག་ཅན་པར་མདོག་དགྱེས།། འཇིག་རྟེན་གསུམ་འདུལ་ཞི་བ་སྟེ།། འཇིགས་པའི་ཆ་ལུགས་སྟོབས་མོ་ཆེ།། འདུལ་དུ་འཇུག་མ་འདུལ་མཛད་མ།། བསྟོད་ལྡན་མི
123b2 མཆོག་དམ་པ་ལགས། ། རབ་གསལ་འདུལ་བ་རྡོ་རྗེ་ཅན།། རྣམ་པར་རྒྱལ་བ་འོད་གསལ་བ།། བྱང་ཆུབ་རྡུལ་མེད་དྲི་མ་མེད།། ཟླ་བ་ལྷ་མཆོག་རྣམས་ཀྱི་རྗེ།། སྲེད་བྱ་དང་ནི་སྲེད་བྱའི་བར།།
123b3 རྒྱུ་ཞིང་གཤེགས་ལ་འོད་ཟེར་མཛེས།། ཆུ་ལྔ་གཡུལ་འགྱེད་འགྱིང་བག་ཅན།། སྐྱེས་མཆོག་རང་བཞིན་ཡིད་འཕྲོས་རྒྱས།། གཙུག་བུད་གསུམ་པོ་ལྷོ་ཚིལ་གསུམ།། སྤྱན་གསུམ་དྲི་མ་གསུམ
123b4 སེལ་བ། ། སྲེད་པ་སེལ་མཛད་ཁོང་དགེ་བ།། ཚིག་ལྡན་མར་ཡང་དེ་བཞིན་གྲགས།། རྒྱལ་བ་སྦྱིན་པ་བསོད་ནམས་སྦྱིན།། སྡིག་པ་འཇོམས་མ་འཇིགས་པ་མེད།། ནོར་སྦྱིན་མདོག་སྦྱིན་ཞི
123b5 བ་མ། ། གཟུགས་བཟང་ཕྱལ་བཟང་ནུ་མ་བཟང་།། སྒྱུ་འཕྲུལ་སྒྱུ་འཕྲུལ་ལྡན་ཞིང་འདུལ།། དུལ་བ་སྲུང་བ་རྡུལ་སེལ་བ།། འཕྲེང་བ་ཐོགས་མ་རྒྱགས་མཛད་མ།། རྒྱགས་པ་སྦྱིན་མ་དྲེགས
123b6 སྤོང་མ། ། དྲག་མོ་ལགས་ཏེ་གཟི་བསྐྱེད་མ།། དཀར་མོ་ཞི་མཛད་བདེ་བ་མོ།། སྐྱེ་དགུའི་བདག་མོ་ཚངས་པར་ལྡན།། ཚངས་སྦྱིན་དབང་ཕྱུག་དམ་པ་ལགས།། ཟླ་བའི་འོད་ཅན་ཟླ་བའི་ཞལ།།
123b7 ཟླ་བའི་གཟི་ནི་འཕྲོག་པར་མཛད།། ཉི་མའི་གཟི་འཕྲོག་དགྱེས་པ་མོ།། ཡིད་འོང་བཟང་ཞིང་ཞིམ་མོ།། བདེ་མ་བདེ་ལྡན་མུ་དང་སྟེགས།། བཀྲ་ཤིས་བགེགས་རྣམས་སེལ་མཛད་མ།། ནོར
iiif viewer powered by OpenSeadragon
123a - 124a