e-texts navigator
Collection
Volume
Page
Wylie

123a1 འདི་ཐོས་ནས། ། སྐྲག་ཅིང་མགོ་བོ་སྨད་གྱུར་ཏེ།། ལག་པ་ཆེན་པོ་ཡོངས་བསྐྱོད་ནས།། གང་གིས་འདི་ནས་ས་གསུམ་འདི།། མཚན་དག་ཁྱབ་པར་བྱ་བའི་ཕྱིར།། འདོད་པར
123a2 ལྷ་ཡི་ངག་ཟློག་པ། ། སྒྲོལ་མ་སྤྱན་ཡངས་ཕྱག་འཚལ་ལོ།། སྤྱན་རས་གཟིགས་ཀྱི་རིག་སྨོས་པ།། ཆེ་བ་ཉིད་ཀྱི་གྲགས་པའོ།། སྤྱན་ཡངས་ཁྱོད་ནི་སེམས་ཅན་རྣམས།། ཕན་བཞེད་སླད་དུ་འབྱུང་བ
123a3 ལགས། ། དེ་ནས་དབང་ཕྱུག་ལ་སོགས་པ།། ལྷ་དང་ལྷ་མིན་འདུས་ཀུན་དང་།། རིག་སྔགས་འཆང་གི་བདག་པོ་དང་།། དེ་བཞིན་རིག་སྔགས་འཆང་བ་རྣམས།། བླ་གོས་ཕྲག་པ་གཅིག་གཟར་ཏེ།། བསྐོར
123a4 པབ་མཆོག་ནི་བྱས་ནས་ཀྱང་། ། པུས་མོའི་ལྷ་ང་ས་སྟེང་དུ།། གཙུགས་ནས་ཚིག་ནི་འདི་སྐད་སྨྲས།། སྒྲོལ་མ་འོད་འབར་དེ་ལ་ནི།། ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་ལོ།། མིང་བརྒྱ་རྩ་བརྒྱད་དམ་པ་ཡི།།
123a5 དཔེ་མེད་མིང་ནི་བརྗོད་པར་བགྱི།། བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་བ།། སྐྱེ་དགུའི་དབང་ཕྱུག་མངོན་ཤེས་མྱུར།། དབང་ཕྱུག་རབ་དགའ་འཇིགས་ལ་དྲག། རྒོད་བག་མེད་ཅིང་དྲེགས་པ་མེད།། པདྨའི
123a6 སྤྱན་དང་པདྨའི་ཞལ། ། པདྨའི་ལྟེ་བ་རབ་གཙང་སྦྱིན།། སྤྱན་བཟང་སྤྱན་ནི་ཡངས་པ་སྟེ།། སྔོ་བ་ཨུཏྤལ་སྔོན་པོའི་འོད།། སྐྱོབ་པ་སྐྱབས་འོས་བདེ་བ་སྦྱིན།། དེ་བཞིན་སྟོབས་སྦྱིན་གཟུགས་སྦྱིན་པ།།
123a7 མགོན་པོ་མགོན་མཛད་དྲག་མོ་སྟེ།། དཀོན་མཆོག་གསུམ་པོ་རྒྱལ་མཛད་མ།། སྒྲོས་དམར་སེན་མོ་དམར་བ་སྟེ།། སྤྱན་རྩ་དམར་པོས་གཟིགས་པར་མཛད།། དགའ་མཛད་དགའ་སྟོབས




iiif viewer powered by OpenSeadragon

122b - 123b

Texts on this page

S678 - ha mo sgrol ma'i mtshan brgya rtsa brgyad pa zhes bya ba